ཤིང་ཅང་ནང་ཡོད་པའི་ཁལ་ཁུག་སོག་པོའི་ལོ་རྒྱུས་མདོར་བསྡུས།
ཤིང་ཅང་ངམ་ཤར་ཏུར་ཀིའི་ 新疆 ནང་ཁལ་མུག་སོག་པོ་ཕལ་ཆེར་ཆིག་འབུམ་བཞི་ཁྲི་ (༡༤༠,༠༠༠) ཙམ་ཡོད་པ་དང་དེ་ནི་ཨུ་རུ་སུའི་ཁལ་མུག་ཏུ་མི་འབོར་ལྔ་སྟོང་ (༥༠༠༠) ནི་རྒྱལ་ས་ཨུ་རུམ་ཅི་ (Ürümqi) 乌鲁木齐 ལ་གནས་སྡོད་བྱེད་ཀྱི་ཡོད་པ་དང་ཕལ་ཆེར་གྲངས་འབོར་གཅིག་མཚུངས་རེད། དེ་དག་ལ་ནམ་རྒྱུན་ཤར་ཏུར་ཀིའི་ཨོ་རོད་ (Oirats) ཞེས་བརྗོད་པ་དང་ཁོང་ཚོས་ཤིང་ཅང་ཁལ་མུག་ཅེས་བརྗོད་ཅིང་། མངའ་ཁུལ་གྱི་བྱང་ངོས་ཕྱེད་ཙམ་གྱི་ཇུན་གེ་རི་ཡན་བྷེ་སིན་ (Dzungarian Basin) མུ་ཁྱུད་ཀྱི་མཁའ་སྐོར་དུ་གནས་ཀྱི་ཡོད། ཁོང་ཚོ་ནི་སྡེ་ཁག་གཉིས་སུ་དབྱེ་བ་ཕྱེས་ཡོད་དེ། བྱང་དང་ལྷོ་ཤིང་ཅང་ཁལ་མུག་གཉིས་རེད། ལྷོ་རུ་ཡོད་པ་རྣམས་ཐིའན་ཧྲན་ (Tianshan) 天山 རི་བོར་གནས་ཤིང་མི་འབོར་མང་ཆེ་བ་དེར་ཡོད།
ནང་སོག་ལྟ་བུར་མཚོན་ན་ས་ཆ་དེར་རྒྱ་རིགས་གཞིས་ཆགས་པ་ཧ་ཅང་མང་པོ་ཞིག་དུས་རབས་མང་པོའི་རིང་ནས་གནས་སྤོས་པ་དང་དེ་དག་གི་རིག་གཞུང་དང་སྐད་ཡིག་ཕལ་ཆེར་བརླགས་ཟིན་པ་རེད། དེ་དང་མི་འདྲ་བར། ཤིང་ཅང་ཁལ་མུག་རྣམས་ཀྱིས་སོ་སོའི་རིག་གཞུང་མི་ཉམས་པར་རྒྱུན་འཛིན་ཐུབ་པ་བྱུང་ཡོད། དེའི་རྒྱུ་མཚན་ནི་ཕལ་ཆེར་ཁོང་ཚོ་ལོ་ངོ་ཉིས་བརྒྱ་ཉི་ཤུའི་ (༢༢༠) གོང་དུ་དབུས་ཨུ་རུ་སུ་ནས་ཕྱི་ལོག་བྱེད་པའི་སྐབས། ཤར་ཏུར་ཀིའི་ནང་དུ་གནས་སྤོ་མཁན་ཡིན་པས། རྟག་ཏུ་གྲངས་འབོར་ཧ་ཅང་ཉུང་ངུར་གནས་པ་རེད།
གཞན་ཡང་ཤིང་ཅང་ཁལ་མུག་པ་ཚོས་ཁོང་ཚོའི་སྤུན་ཉེ་ཨུ་རུ་སུའི་མི་རིགས་ལས་ལྷག་པའི་སོ་སོའི་རིག་གཞུང་དང་སྐད་ཡིག་དེ་མུ་མཐུད་དེ་ཉར་ཚགས་བྱས་ཡོད་པ་ལྟར་སྣང་། སྔོན་གྱི་སུའུ་ལེན་སྤྱི་ཚོགས་སྤྱི་མཐུན་ (USSR) གྱིས་གྲངས་ཉུང་མི་རིགས་ཚང་མ་སུའུ་ལེན་ཆགས་དགོས་པ་ (དམིགས་བསལ་ཨུ་རུ་སུའི་མི་རྣམས་མ་རེད་) དང་སི་རི་ལིག་གི་ཀ་མད་རྣམས་དང་ལེན་བྱེད་དགོས་ཞེས་བཙན་སྐུལ་བྱས་ཡོད་པ་དང་མི་འདྲ་བར། རྒྱ་མི་ཚོས་ཁོང་ཚོའི་གྲངས་ཉུང་མི་རིགས་རྣམས་ཀྱིས་སོ་སོའི་རིག་གཞུང་དང་འབྲི་གཟུགས་ཡི་གེ་ཉར་ཚགས་བྱེད་དུ་བཅུག་ཡོད། དེར་བརྟེན་ཁལ་མུག་གི་འབྲི་གཟུགས་ཡི་གེ་སྟེ། སོག་པོའི་ཀ་མད་ཀྱི་རྣམ་པ་མི་འདྲ་བ་དེ་ད་དུང་ཡང་བཀོལ་སྤྱོད་བྱེད་ས་གཅིག་རང་ཡོད་པ་ནི་ཤིང་ཅང་ཡིན་པ་རེད།
ནང་ཆོས་དང་ཤིང་ཅང་ཁལ་ཁུག་པ།
ཤིང་ཅང་ཁལ་མུག་པ་རྣམས་ཨུ་རུ་སུ་ལས་ཕྱིར་ལོག་རྗེས་དགེ་ལུགས་པའི་དགོན་པ་ལྔ་བཅུ་ (༥༠) ལྷག་བཞེངས་ཡོད། ཤར་ཏུར་ཀིའི་ཁལ་མུག་གི་དགོན་པ་དེ་དག་ཐོག་མར་སེ་ར་བྱེས་དགོན་པ་དང་འབྲེལ་བ་ཆགས་ཀྱི་ཡོད་པ་དང་མཚན་ཉིད་རྩོད་གླེང་ཆེད་དུ་རྗེ་བཙུན་པའི་གཞུང་ལུགས་བེད་སྤྱོད་བྱས་ཡོད། འོན་ཀྱང་། ད་ལྟ་ས་ཁུལ་དེ་ནས་གྲྭ་པ་གཞོན་གཞོན་གཉིས་འབྲས་སྤུངས་སྒོ་མང་དུ་བསླབ་པ་སློབ་གཉེར་ཆེད་དུ་ཕྱིན་པ་དང་དེ་གཉིས་ད་དུང་ཡང་ཚུར་ལོག་མེད་པ་རེད།
དུས་རབས་བཅུ་དགུ་པའི་མཇུག་ཏུ་ས་ཡེ་བྷེ་རི་ཡའི་ས་མཚམས་ཀྱི་ཕ་རོལ་ཨལ་ཏའི་རི་བོའི་ (Altai Mountain) ས་ཁུལ་ཏེ། ཤར་ཏུར་ཀིའི་བྱང་ངོས་སུ་ཡོད་པའི་ཁལ་མུག་དགོན་པ་དེ་དག་ལས་ནང་ཆོས་དར་ཁྱབ་བྱུང་། དེར་ནང་ཆོས་ནི་ཤ་མན་ཆོས་ལུགས་དང་མཉམ་སྡེབ་ཆགས་ནས་ཡུལ་མིའི་གསོལ་མཆོད་འདྲེས་མ་བྷུར་ཁའི་རིང་ལུགས་ (Bhurkhanism) ཞེས་སུ་གྲགས་པ་དེ་བྱུང་། བྷུར་ཁན་ཟེར་བ་དེ་སོག་སྐད་དུ་ “བུདྡྷའམ་སངས་རྒྱས་” ཞེས་པའི་དོན་རེད། འོན་ཀྱང་། ཤར་ཏུར་ཀིའི་ནང་ཁལ་མུག་གི་ནང་ཆོས་དེ་གཙང་བ་དང་དག་པར་གནས་ཡོད། དེ་ནི་ཕྱི་སོག་དང་བྷུརྱ་ཏིའི་མི་རིགས་དང་མི་འདྲ་བར། ཁལ་མུག་པ་དང་ནང་སོག་ཚོས་གྲྭ་པས་གཉེན་སྒྲིག་བྱེད་སྲོལ་དེ་ནམ་ཡང་འགོ་འཛུགས་བྱས་མེད།
ད་ལྟའི་གནས་བབས།
ཤིང་ཅང་ཁལ་མུག་གི་དགོན་པ་མང་ཆེ་བ་ནི་རིག་གནས་གསར་བརྗེའི་དུས་སྐབས་སུ་གཏོར་བཤིག་བཏང་ཡོད། ད་བར་ཁལ་མུག་ཚོས་དེ་དག་ལས་སུམ་ཅུ་སོ་ལྔ་ (༣༥) ཙམ་ཞིག་བསྐྱར་གསོ་བྱས་ཤིང་། ད་ལྟའི་ཆར་དགོན་པའི་ནང་གྲྭ་བཞི་བརྒྱ་ (༤༠༠) ཙམ་ཡོད། ཁོང་ཚོས་དགོན་སྡེའི་སློབ་གྲྭ་གཙོ་བོ་གསུམ་འགོ་བཙུགས་པ་ལས། དང་པོ་ནི། བྱང་ཤིང་ཅང་ཁལ་མུག་པ་ཚོའི་ཆེད་དུ་ས་ཡེ་བྷེ་རི་ཡའི་ས་མཚམས་དང་ཉེ་བའི་ཧོ་བོཀ་སར་ (Hoboksar) 和布克赛尔 ལ་ཡོད་པ་དང་། གཉིས་པ་ནི། ལྷོ་ཤིང་ཅང་ཁལ་མུག་ཚོའི་ཆེད་དུ་བལ་ཁུན་ཏ་ (Balkhunta) ཞེས་པའི་ས་ཆར་ཡོད། གསུམ་པ་ཁོ་ཤུ་ (Khoshut) (Heshuo) 和硕 ནི་ཐིའན་ཤན་ (Tianshan) རི་བོའི་ལྷོ་ནས་ཨུ་རུམ་ཆིའི་ (Ürümqi) ལྷོ་ཤར་བར་དུ་ཡོད། རབ་ཏུ་བྱུང་བའམ་གྲྭ་པ་ཆགས་པར་སྲིད་གཞུང་གི་དམ་བསྒྲགས་ཡོད་ནའང་། བོད་ནང་དེ་དག་མང་ཆེ་བ་སྣང་མེད་བཏང་ཡོད། ཡིན་ནའང་། ཁལ་མུག་པ་ཚོས་ནར་སོན་པའམ་རྒན་པ་ཚོ་མཉམ་བཞུགས་བྱེད་མི་ཆོག་པ་དེ་ནང་པའི་ལུགས་སྲོལ་ཡིན་པར་བསམ་གྱི་ཡོད་པ་སོང་ཙང་། གཞོན་ནུ་བཅུ་ཐོག་ན་གཞོན་ལས་རྒན་པ་སུ་གཅིག་ཀྱང་དགོན་པར་འཛུལ་བཞུགས་མི་བྱེད་པ་ཡིན། དེར་མ་ཟད། ལོ་ན་དར་མའི་ཁལ་མུག་པ་རྣམས་ཀྱང་དམར་ཤོག་གི་ཤུགས་རྐྱེན་ཧ་ཅང་ཆེན་པོ་སྤྲད་ཡོད་པར་བསྟེན་ཁོང་ཚོར་དོ་སྣང་མེད་པ་རེད། བོད་ནང་ཆ་བཞག་ན། ད་ཆ་དགོན་སྡེ་ཁག་བསྐྱར་གསོ་བྱེད་པར་དམ་བསྒྲགས་མེད་པ་རེད།
ཧོ་བོཀ་སར་ལ་ཡོད་པའི་རབ་བརྟན་ཆོས་འཕེལ་དགོན་པའི་ནང་གྲྭ་ཚང་སློབ་གྲྭ་ཡོད། ཐོག་མར་ས་ཁུལ་དེར་ཁལ་མུག་གི་དགོན་པ་ལྔ་དང་གྲྭ་པ་ཉིས་སྟོང་ (༢༠༠) ཡོད་པ་རེད། དེ་དག་ལས་འདི་གཅིག་པུ་ལྷག་ཡོད་པ་དང་འདམ་དང་རྡོའི་ཁང་པ་ཆུང་ཆུང་གཉིས་ཙམ་གནས་ཡོད། དེའི་ནང་གྲྭ་པ་བརྒྱད་ཅུ་ (༨༠) ཙམ་ཡོད་པ་དང་དེ་དག་ཚང་མ་རྒས་འཁོགས་རྐྱང་རྐྱང་རེད། སྔོན་དེའི་ནང་གྲྭ་པ་ལྔ་བརྒྱ་ལྔ་བཅུ་ (༥༥༠) ཡོད། ས་ཁུལ་དེར་དགོན་པ་ཆུང་ཆུང་འགའ་ཞིག་བསྐྱར་དུ་བཞེངས་ཡོད་པའི་ཁོངས་སུ་བཀྲ་ཤིས་ཆོས་འཁོར་གླིང་གཏོགས་ཀྱི་ཡོད། དེ་ནི་ཞ་ལུ་བ་རིན་པོ་ཆེའི་མ་དགོན་ཡིན་པ་རེད། ཁོང་ནི་ཨུ་རུམ་ཆི་ལ་བཞུགས་མཁན་གྱི་ཤིང་ཅང་གི་འགོ་འཁྲིད་བླ་མ་རེད།
ཧོ་བོཀ་སར་ལ་ཡོད་པའི་གྲྭ་ཚང་སློབ་གྲྭ་དེ་ནི་ཕྱི་ལོ་ ༡༩༨༤ ལོར་གྲྭ་པ་གཞོན་གཞོན་བཞི་བཅུ་ (༤༠) དང་བཅས་གསར་དུ་བཞེངས། དེ་ཡང་ཟླ་བ་གསུམ་ལས་ཡུན་གནས་ཐུབ་མེད། གྲྭ་པ་དེ་དག་ལས་ལྔ་ཁོ་ནས་ཟླ་གསུམ་རིང་གི་སློབ་སྦྱོང་མཐར་ཕྱིན་པ་བྱས་ཡོད། གྲྭ་པ་གཞན་དག་ནི་དོ་སྣང་མེད་པའམ་ཡང་ན་ཁོང་ཚོས་བོད་ཡིག་དང་སྔ་རབས་སོག་པོའི་སྐད་ཡིག་ཀློག་རྒྱུ་དང་སྦྱོང་རྒྱུ་དེ་ཧ་ཅང་ཁག་པོ་ཚོར་ཡོད་པ་རེད། སྐད་ཡིག་དེ་གཉིས་ནི་ཆོ་གའི་རིགས་འདོན་པར་དགོས་ངེས་ཅན་ཡིན་པ་རེད། གང་ལྟར་ཡང་། གྲྭ་པ་གཞན་ཚོས་སློབ་སྦྱོང་མཐར་ཕྱིན་པ་བྱས་མེད། གྲྭ་པ་ལྔ་པོ་ནི་སྔོན་ཚུད་དགེ་ཚུལ་ལྟ་བུར་གནས་ཤིང་། དཔལ་ལྡན་བླ་མ་དང་མཉམ་དུ་ངེས་མེད་དུ་སློབ་སྦྱོང་བྱེད་ཀྱིན་ཡོད། དཀའ་ངལ་ཆེ་ཤོས་ནི་ཁོང་ཚོར་སློབ་ཕྲུག་རྣམས་ཡིད་མགུ་བར་བྱེད་པའི་དགེ་རྒན་ཐབས་ལ་མཁས་པ་མེད་པ་དེ་རེད།
གྲྭ་ཚང་སློབ་གྲྭ་གཙོ་བོ་དེ་ནི་བལ་ཁུན་ཏའི་ (Balkhunta) སེར་དགོན་པའི་ནང་ཡོད། ཤིང་ཅང་ཁལ་མུག་གི་དགོན་པ་འགའ་ཞིག་ལ་མིང་འདི་ཡོད་པ་ལྟར་སྣང་ནའང་། འདི་ནི་གཙོ་བོ་དེ་རེད། ཕྱི་ལོ་ ༡༩༦༩ གོང་རོལ་ཏུ་སེར་དགོན་པར་གྲྭ་ཉིས་སྟོང་ (༢༠༠༠) ཡོད་པ་དང་དེ་དག་གིས་གྲྭ་ཚང་སྡེ་ཚན་བཞིའི་ནང་སློབ་སྦྱོང་བྱེད་སྲོལ་ཡོད། དེ་ཡང་རྩོད་གླེང་ཆེད་དུ་མཚན་ཉིད་དང་། གསང་སྔགས་ཀྱི་ཆེད་དུ་རྒྱུད་པ། སྨན་གྱི་ཆེད་དུ་སྨན་པ། དུས་འཁོར་དང་སྐར་རྩིས་ཆེད་དུ་དུས་འཁོར་བཅས་རེད། ད་ཆ་དེར་གྲྭ་པ་རྒན་གྲས་བཅུ་གསུམ་ (༡༣) དང་དགེ་ཚུལ་གསར་པ་གཞོན་པ་ཉི་ཤུ་ནས་ཉི་ཤུ་རྩ་ལྔའི་བར་དུ་ཡོད། དགུང་ལོ་གསུམ་དུ་སོན་པའི་སྤྲུལ་སྐུ་ཞིག་ཡོད་པ་ཁོང་གི་མཚན་ལ་ཀུན་མིན་གེ་གན་ (Kunmin Gegen) ཞུ་གི་འདུག ཁལ་མུག་གི་གྲྭ་རྒན་པ་གཉིས་ཀྱིས་འབྲས་སྤུངས་སྒོ་མང་དང་བཀྲ་ཤིས་ལྷུན་པོར་སློབ་སྦྱོང་བྱས་ཤིང་། དགོན་དེར་བོད་ཡིག་དང་། གསང་སྔགས་ཀྱི་ཆོ་ག དེ་བཞིན་མཚན་ཉིད་ཏོག་ཙམ་བསླབ་བཞིན་འདུག འཛིན་གྲྭ་གསུམ་ཡོད།
ཁོ་ཤུ་ (Khoshut) ལ་མཚོན་ན་བལ་ཁུན་ཏ་ནས་སྤྱི་ལེ་ ༡༠༠ ཙམ་ཡིན་པ་དང་དེར་གྲྭ་པརྒན་གྲས་ ༡༧ དང་གྲྭ་གཞོན་པ་ ༢༠ འདུག སྔོན་དགོན་པ་འདི་ལ་གྲྭ་ཚང་སྡེ་ཚན་གཉིས་ཡོད་འདུག དེ་དག་ནི་མཚན་ཉིད་དང་སྨན་པ་རེད། ད་ལྟའི་ཆར་འཛིན་གྲྭ་བཞི་ཡོད་པ་དང་དགེ་ཚུལ་གཞོན་པ་ཚོས་སྨན་དང་། བོད་ཡིག དེ་བཞིན་མཚན་ཉིད་ཏོག་ཙམ་སློབ་སྦྱོང་བྱེད་ཀྱི་འདུག ལོ་ན་མཐོ་བའི་ཁལ་མུག་གི་སྨན་པ་ཞིག་གིས་སྲོལ་རྒྱུན་བོད་སོག་སྨན་གྱི་སྐོར་སློབ་འཁྲིད་གནང་གི་འདུག །།