དེ་ཡང་དུས་རབས་བཅུ་བདུན་པའི་འགོ་སྟོད་ལ་ཁོང་ཚོ་ཝོལ་ག་ (Volga) ལ་གནས་སྤོས་པའི་སྐབས། སོག་པོ་ཇུན་གར་ནས་ཁལ་མུག་པ་ཟུར་དུ་གྱེས་པ་ཞིག་རེད། དེ་ལ་ཐོག་མར་ཤར་ཏུར་ཀིའི་ནང་རྡོའི་དགོན་པ་བདུན་ཡོད། དེ་དག་ལས་གསུམ་ནི་བྱང་ཨུ་རུ་སུའི་ས་མཚམས་ཀྱི་ཉེ་འཁྲིས་སུ་ཡོད་དེ། གཅིག་ནི་ཧོ་བོག་སར་ 和布克塞尔 དང་གཉིས་ནི་དེའི་ཤར་ཕྱོགས་སུ་ཨལ་ཏའི་རི་བོར་ 阿勒泰 ཡོད། དེ་དག་ལས་བཞི་ནི་ནུབ་ཕྱོགས་སུ་ཀ་ཛཀ་ (Kazakh) ས་མཚམས་ཀྱི་ཉེ་འཁྲིས་སུ་ཨི་ལི་ཆུ་བོའི་གྲོང་ (Ili River Valley) 伊犁河谷 ལ་ཡོད་པ་དང་། དེ་བཞི་ལས་གཉིས་ནི་གུལ་ཇ་ (Gulja) 固勒扎 (དེང་སང་ཡི་ཉིང་ 伊宁) དང་གཉིས་དེ་དག་གི་བྱང་ཕྱོགས་བོར་ཏ་ལ་ (Bortala) 博尔塔拉 ཞེས་པར་ཡོད།
ཇུན་གར་རྡོའི་དགོན་པ་བདུན་པོ་དེ་དག་ལས་ཆེ་ཤོས་རྣམས་ནི་གུལ་ཇར་ཡོད་པའི་དགོན་པ་གཉིས་སྟེ། གསེར་གྱི་ཐོག་ (Altun-de-yurt Sum) དང་དངུལ་གྱི་ཐོག་ (Mongen-de-yurt Sum) ཡིན་ཞིང་། དེ་གཉིས་རེ་རེ་བཞིན་དུ་གྲྭ་པ་ ༦༠༠༠ དང་ ༧༠༠༠ ཡོད་འདུག ཉེ་འདབས་ཀྱི་ཧེ་དིག་ (Haedik) དགོན་པའི་ནང་གྲྭ་པ་ ༤༠༠༠ ཡོད་འདུག ཇི་ལྟར་ཨ་མདོ་དང་སོག་པོ་སྣ་ཚོགས་པའི་ནང་གི་ལུགས་སྲོལ་ཡོད་པ་ལྟར། དགོན་པ་དེ་དག་རེ་རེ་ནི་གང་བསླབ་གཞིའི་གཞུང་ལུགས་གཙོ་བོ་དང་བསྟུན་ནས་གྲྭ་ཚང་ལ་ཆ་བགོས་བྱས་ཡོད། ཇུན་གར་རྣམས་ལ་ཤར་ཏུར་ཀི་ཙམ་དུ་མ་ཟད། ཤར་ཀ་ཛཁ་སྟཱན་ (Kazakhstan) དང་ཁིར་གིསྟཱན་ (Kyrgyzstan) དེ་བཞིན་ནུབ་སོག་ཡུལ་བཅས་ཀྱི་ནང་དུའང་གུར་གྱི་དགོན་པ་མང་པོ་ཡོད་པ་རེད།
ཇུན་གར་གྱི་རྡོའི་དགོན་པ་ཚང་མ་དུས་རབས་ ༡༨ པའི་དུས་དཀྱིལ་དུ་མན་ཇུས་གཏོར་བཤིག་བཏང་བ་རེད། ཇུན་གར་གྱི་གྲྭ་པ་མང་ཆེ་བ་ཆང་ས་རྒྱག་པ་ཙམ་དུ་མ་ཟད། ཇུན་གར་དང་མན་ཇུའི་དམག་འཁྲུག་སྐབས་སུ་དམག་འཐབ་མཁན་གྱི་དམག་མིའང་ཡིན་པ་རེད། རྡོའི་དགོན་པ་དེ་དག་གིས་གོ་མཚོན་ཅན་གྱི་བཙན་རྫོང་ལྟ་བུར་བེད་སྤྱོད་བྱས་ཡོད་པ་དང་ཇུན་གར་གྱི་གྲྭ་པ་དམག་མི་དེའི་སྐབས་སུ་མགོ་འབུལ་མ་བྱས་པ་རྣམས་ཚང་མ་བསད་པ་རེད། ཇུན་གར་ཁཱན་གྱི་བཙུན་མོར་སེམས་གསོ་མཚོན་བྱེད་དུ་མན་ཇུས་ལྷོ་མན་ཇུ་ལ་ཡོད་པའི་དབྱར་ཁའི་ལྟེ་གནས་བྱེད་ས་ཁྲེང་ཏེ་ 成德 (སྔོན་འདི་ལ་རེ་ཧེའམ་ཇེ་ཧོལ་ 热河 ཞེས་གྲགས་) ལ་གུལ་ཇའི་གསེར་ཐོག་ཅན་གྱི་དགོན་པའི་ངོ་འདྲ་ཞིག་བཞེངས་པ་རེད། དེའི་ནང་མང་ཆེ་བ་ཤར་ཏུར་ཀི་ལ་ཚུར་ལོག་ཡོང་མཁན་གྱི་མི་སྡེའི་ཁལ་མུག་གྲྭ་པ་རྣམས་ཡོད་པ་དང་། དེ་ག་ནང་བཞིན་མགོ་འབུལ་ཞུས་པའི་ཇུན་གར་གྱི་གྲྭ་པ་འགའ་ཞིག་དང་སོག་པོ་ཁ་ཤས་ཀྱང་ཡོད་པ་རེད།
གསོན་པོར་གནས་མཁན་གྱི་ཇུན་གར་ཚོས་མན་ཇུས་གཏོར་བཤིག་མ་བཏང་བའི་གུར་གྱི་དགོན་པ་འགའ་ཞིག་མུ་མཐུད་རྒྱུན་འཛིན་དང་བཅས་རྡོའི་དགོན་པ་གསར་པ་བདུན་བཞེངས་པ་རེད། དེ་དག་ལས་སེར་དགོན་པ་ (Altai’s Shar Sum) གཅིག་པུ་སྔོན་གྱི་རྡོའི་དགོན་པ་བདུན་གྱི་ས་ཆ་ནང་ནས་གཅིག་ལ་ཡོད། མཁས་པ་འགའ་ཞིག་གིས། ཐོག་མར་ཤར་ཏུར་ཀི་ལ་ཚུར་ལོག་མཁན་གྱི་ཁལ་མུག་པ་ཚོར་ཇུན་གར་གྱི་རྡོའི་དགོན་པ་དང་མཉམ་དུ་མཐུད་པའི་གུར་གྱི་དགོན་པ་ཡོད་ཅེས་ཤོད་ཀྱི་ཡོད། མཐར་ཁལ་མུག་ཚོས་རང་སོ་སོའི་རྡོའི་དགོན་པ་རྒྱག་པ་རེད། མི་སྡེ་དེ་གཉིས་ཀྱི་དགོན་པའི་དབར་གྱི་གཅིག་ལན་གཅིག་འཇལ་གྱི་འབྲེལ་བའི་ཁྱབ་ཚད་དེ་གསལ་པོ་ཞིག་མི་འདུག གང་ཡིན་ཞེ་ན། དེ་ནི་ཁལ་མུག་དང་ཇུན་གར་གཉིས་ཕན་ཚུན་གཅིག་གི་དགོན་པར་གཞན་དེས་སློབ་སྦྱོང་བྱས་ཡོད་མེད་ཀྱི་དྲི་བ་ཆགས་ཀྱི་ཡོད། དེ་བཞིན་ཀ་ཛཁ་སྟཱན་ལ་ཡོད་པའི་རྡོའི་དགོན་པ་རྣམས་ཁལ་མུག་ཡིན་དང་ཇུན་གར་གང་ཡིན་པའི་ཐད་ལ་གསལ་པོ་ཞིག་མེད་ལ། ཁོང་ཚོ་དུས་སྐབས་རྙིང་པ་ནས་ཡིན་དང་གསར་པ་ནས་ཡིན་དེའང་གསལ་པོ་ཞིག་མེད།
ཤར་ཏུར་ཀིའི་ནང་ཡོད་པའི་དུས་སྐབས་གསར་པའི་ཇུན་གར་གྱི་རྡོའི་དགོན་པ་བདུན་ནི་རིག་གནས་གསར་བརྗེའི་སྐབས་སུ་ཚང་མ་གཏོར་བཤིག་བཏང་ཡོད། དེ་དག་ལས་ཤུལ་རྗེས་མང་པོའི་ནང་ནས་ཨིཁ་ཁུ་རེའམ་ (Ikh Khure) དཀྱིལ་འཁོར་ཆེན་པོ་ཟེར་བ་དེ་ཧོ་བོག་སར་ལ་རྙེད་རྒྱུ་ཡོད། ཁོང་ཚོས་ད་ལྟ་དེ་དག་གི་ནང་ནས་སོག་པོ་ཁུ་རི་ཡེ་ (Mongol Khuriye) ཞེས་པ་གུལ་ཇའི་ལྷོ་ངོས་སུ་ཡོད་པ་དེ་སླར་ཡང་འགོ་འཛུགས་བྱས་ཏེ། ད་ཆ་གྲྭ་པ་དགུས་འཛིན་སྐྱོང་བྱེད་བཞིན་ཡོད།།