ཕྱི་ལོ་ ༡༩༩༤ ལོར་ཀན་སུའུའི་ཡུ་གུར་སེར་པོའི་ཁྲོད་ཀྱི་བོད་བརྒྱུད་ནང་བསྟན།

སྐད་ཡིག་གཞན།

ངོ་སྤྲོད།

རྒྱ་ནག་ཀན་སུའུའི་ཞིང་ཆེན་ 甘肃 དུ་གནས་སྡོད་བྱེད་བཞིན་པའི་ཏུར་ཀིའི་ 新疆 མི་རིགས་ཡུ་གུར་སེར་པོ་ 裕固族 ཁྲི་གཉིས་ (༢༠,༠༠༠ ནས་ ༤༠,༠༠༠) ནས་ཁྲི་བཞིའི་བར་ཡོད། ཡུ་གུར་སེར་པོ་རྣམས་ནི་ཤར་ཏུ་ཀིའམ་ཤིང་ཅང་གི་ཡུ་གུར་དང་འབྲེལ་བ་ཆགས་ཀྱི་ཡོད་ནའང་། དེ་དག་ཁ་ཆེའི་ཆོས་ལུགས་སུ་བསྒྱུར་བའི་ཡུ་གུར་དང་མི་འདྲ་བར། ད་དུང་ཡང་བོད་བརྒྱུད་ནང་བསྟན་གྱི་རྗེས་སུ་འབྲང་གི་ཡོད། སྲོལ་རྒྱུན་གྱི་ཆ་ནས་དེ་དག་ཕྱེད་ཀ་ཙམ་གྱིས་ཡུ་གུར་སྐད་རྒྱག་པ་དང་ཡང་ཕྱེད་ཙམ་གྱིས་སོག་སྐད་རྒྱག་གི་ཡོད། དུས་རབས་ ༩ པའི་དཀྱིལ་དུ་ཡུ་གུར་རྣམས་སོག་ཡུལ་ནས་ལྷོ་ཕྱོགས་སུ་གནས་སྤོས་པའི་སྐབས། མང་ཆེ་བ་ཏུར་ཧྥན་ (Turfan) 吐鲁番 ལ་ཁོང་ཚོའི་ནང་པའི་ཁོངས་གཏོགས་སུ་འཛུལ་བཞུགས་བྱས་པ་དང་ཁོང་ཚོ་མེ་ནི་ཁེའི་ཆོས་ལུགས་ (Manichaean religion) ནས་ནང་པའི་ཆོས་ལུགས་སུ་བསྒྱུར་བ་རེད། འོན་ཀྱང་། དེ་དག་ལས་ཆ་ཤས་ཉུང་ངུ་ཙམ་ཞིག་གི་ཀན་སུའུའི་ཞིང་ཆེན་གྱི་དཀྱིལ་དུ་གཞིས་ཆགས་པ་དང་དེ་དག་ལ་ཡུ་གུར་སེར་པོ་ཞེས་སུ་གྲགས་ཤིང་། དེ་ནི་ཁོང་ཚོའི་གུར་གྱི་མདོག་སེར་པོ་ཡིན་པས་དེ་ལྟར་གྲགས་པ་རེད། ཡུ་གུར་གྱི་མི་རིགས་སྡེ་ཁག་ཉུང་ངུ་ཞིག་ནི་ཀར་ཛཁི་སྟཱན་གྱི་ཆུ་ལུང་གཤོངས་ (Chu Valley) སུ་གནས་སྤོས་བྱས་པ་དང་ཡུལ་མི་སོག་ཌིའི་ (Sogdian) ནང་པ་ཚོ་དང་མཉམ་དུ་གཉེན་སྒྲིག་བྱས་པ་རེད་འདུག མཁས་པ་འགའ་ཞིག་གིས། སྡེ་ཁག་གཞན་ཞིག་ནི་ཤར་ཏུར་ཀིའི་ལྷོ་ཕྱོགས་སུ་ཕྱིན་པར་བསམ་གྱི་ཡོད། 

ཡུ་གུར་སེར་པོ་དང་ནང་ཆོས། 

ཡུ་གུར་སེར་པོ་རྣམས་ལ་ཐོག་མར་ནང་ཆོས་ག་ནས་ཐོབ་པ་དེ་ཏག་ཏག་གསལ་པོ་ཞིག་མེད། ཀན་སུའུ་ཞིང་ཆེན་གྱི་དཀྱིལ་དང་ཏུན་ཧོང་ 敦煌 གི་ཉེ་འཁྲིས་ས་ཁུལ་ནི་དུས་རབས་གཉིས་ཀྱི་རིང་དུས་ནས་དུས་སུ་བོད་ཀྱི་དབང་སྒྱུར་འོག་ཏུ་གནས་ཡོད་ཀྱང་། ས་ཁུལ་དེར་དར་ཁྱབ་ཆེ་བའི་ནང་ཆོས་ནི་རྒྱའི་ནང་ཆོས་ཡིན་པ་དང་། དེ་དང་མཉམ་དུ་བོད་ཀྱི་སྲོལ་རྒྱུན་ལྡན་པའི་རྒྱ་ནག་བསམ་གཏན་པའི་ཆོས་ལུགས་སམ། ཡང་ན་ཧྭ་ཤང་གི་ལྟ་བ་དང་འདྲེས་མ་ཞིག་ཡིན་པ་རེད། 

ས་ཁུལ་དེ་ནི་དུས་རབས་ ༡༡ པའི་འགོ་སྟོད་ནས་མི་ཉག་ (Tangut.Chin: Xixia) 西夏 རྒྱལ་རྒྱུད་ཀྱི་ཆ་ཤས་སུ་གྱུར་བ་རེད། མི་ཉག་གི་རྒྱལ་ས་དེ་ནི་དེང་སང་གི་ཡིན་ཆུའན་ (Yinchuan) 银川 ཞིང་ཆེན་ཡིན་པ་དང་། དེ་ནི་ད་ཆ་ཧུའི་ (Hui) རྒྱ་མི་ཁ་ཆེ་ཚོའི་གྲོང་ཁྱེར་གཙོ་བོ་ཆགས་ཡོད། མི་ཉག་ཚོས་ཐོག་མར་རྒྱའི་ནང་ཆོས་ཀྱི་རྗེས་སུ་འབྲངས་ཡོད་ནའང་། དུས་རབས་ ༡༢ ནས་བཟུང་སྟེ། དེ་བོད་བརྒྱུད་ནང་བསྟན་གྱི་བཀའ་བརྒྱུད་པའི་ཆོས་བརྒྱུད་དང་ཟུང་འབྲེལ་ཆགས་པ་རེད། དེ་དག་སོག་པོ་ཚོས་དུས་རབས་ ༡༣ པའི་འགོ་སྟོད་ལ་དབང་དུ་བསྡུས་པའི་རྗེས་སུ་མི་ཉག་ཚོས་ཀྱང་ཁོང་ཚོའི་དབང་སྒྱུར་བའི་བོད་བརྒྱུད་ནང་བསྟན་གྱི་ས་སྐྱའི་ཆོས་བརྒྱུད་ཀྱི་རྗེས་སུ་འབྲངས་པ་རེད། ཡུ་གུར་སེར་པོ་ཚོས་ཀྱང་མི་ཉག་ནང་བཞིན་འགྲོས་གཅིག་པར་བོད་བརྒྱུད་ནང་བསྟན་རང་ལུགས་སུ་བསྟེན་ཅིང་། མཐར་དུས་རབས་ ༡༦ པའི་མཇུག་ཏུ་༧གོང་ས་སྐུ་ཕྲེང་གསུམ་པའི་མངའ་འོག་ལ་དགེ་ལུགས་པར་སྒྱུར་བཞིན་ཡོད། དེ་དང་དུས་མཉམ་ལ་སོག་པོ་ཚོས་ཀྱང་དགེ་ལུགས་པའི་རྗེས་སུ་འབྲངས་པ་རེད། དེའི་སྐབས་ནས་མི་ཉག་ཕལ་ཆེ་བ་ལྷོ་ཕྱོགས་ནས་བོད་ཁམས་ཕྱོགས་སུ་གནས་སྤོས།

ད་ལྟའི་གནས་བབས།

ཕྱི་ལོ་ ༡༩༥༨ གོང་ལ་ཡུ་གུར་སེར་པོ་རྣམས་ལ་དགོན་པ་སུམ་ཅུ་ (༣༠) ཙམ་ཡོད། དེ་དག་མང་ཆེ་ནི་གཏོར་བཤིག་བཏང་ཡོད་ཀྱང་། དེ་དག་ལས་འགའ་ཞིག་གི་ཤ་ཆས་རྣམས་ལྷག་ནས་ཡོད། དེ་དག་ལས་ཆེ་ཤོས་གསུམ་ནི། ཀྲང་ཡེ་ (Zhangye) 张掖 (ཀན་ཀྲོའུ་ 甘州 གོང་མ་) ནས་ལྷོ་རུ་སྤྱི་ལེ་ ༦༠ ཙམ་གྱི་སུ་ནན་ (Sunan) 肃南 ས་ཆར་གྲྭ་ལྔ་བཅུ་ (༥༠) ཙམ་ཡོད་པའི་སེར་དགོན་པ་ (Huang Si) 黄寺 དང་། ཀྲང་ཡེའི་བྱང་ངོས་ཀྱི་སྤྱི་ལེ་ ༦༠ ཙམ་ལ་ཡོད་པའི་རྟའི་རྨིག་པ། (Mati Si) 马蹄寺 དེ་ནས་ཅིའུ་ཆུའན་ (Jiuquan) 酒泉 (སུ་ཀྲོའུ་ 肃州 གོང་མ་) གྱི་ལྷོ་ངོས་ནན་ཧྲན་རྫོང་ (Nanshan) 南山 དུ་ཡོད་པའི་འཇམ་དཔལ་དབྱངས་ (Wenshu Si) 文殊寺 བཅས་དེ་གསུམ་ཀ་ཀན་སུའུའི་དཀྱིལ་གྱི་སྐམ་རྒྱུད་སྲང་ལམ་གྱི་ས་ཁུལ་དུ་ཡོད་པ་རེད། དེར་གྲྭ་པ་ལྔ་བརྒྱ་ (༥༠༠) ཙམ་ཡོད་པ་དང་དེ་དག་ལས་ཡུ་གུར་སེར་པོ་ཉིས་བརྒྱ་ (༢༠༠) འཕར་མ་ཡོད་པ་རྣམས་ཨ་མདོ་ 青海 སྐུ་འབུམ་དགོན་དུ་སློབ་སྦྱོང་བྱེད་ཀྱིན་ཡོད། 

ད་ལྟའི་ཆར་ཡུ་གུར་སེར་པོ་རྣམས་གནས་སྡོད་བྱེད་སའི་ས་ཁུལ་གཙོ་བོ་ནི་སུ་ནན་ཡུ་གུར་རང་སྐྱོང་རྫོང་ 肃南裕固族自治县 ཡིན་པ་དང་། དེ་ནི་ཨ་མདོའི་ས་མཚམས་བརྒྱུད་ཀྲང་ཡེའི་ལྷོ་ཕྱོགས་ནན་ཧྲན་རི་བོའི་ཀན་སུའུའི་ཕྱོགས་སུ་ཡོད། འགའ་ཞིག་ཇི་ཧྲི་ཧྲན་ (Jishishan) 积石山 ལའང་གནས་སྡོད་བྱེད་ཀྱི་ཡོད་པ་དང་དེ་ནི་ལན་ཀྲོའུ་ (Lanzhou) 兰州 ལྷོ་ཕྱོགས་ཀྱི་ལིན་ཤིའི་ (Linxia) 临夏 ཤར་དུ་སྤྱི་ལེ་ ༧༠ ཙམ་ལ་ཡོད། ཡང་འགའ་ཞིག་ནི་ཏུན་ཧོང་གི་ལྷོ་སུ་བེའི་སོག་པོ་རང་སྐྱོང་རྫོང་ 肃北蒙古族自治县 གི་ནང་དུ་ཡོད་ཚུལ་བརྗོད་ཀྱི་འདུག 

ད་ལྟའི་དུས་སུ་ཡུ་གུར་སེར་པོའི་དགོན་པ་ཆེ་བ་གསུམ་དང་ཆུང་བ་འགའ་ཞིག་བསྐྱར་གསོ་དང་བསྐྱར་བཞེངས་བྱས་ཡོད། དེ་དག་ལས་ཆེ་ཤོས་ནི་ཀྲང་ཡེའི་བྱང་ངོས་སུ་ཡོད་པའི་རྟ་རྨིག་གམ་མ་ཏི་སི་ (Mati Si) དགོན་པ་ཡིན་ཞིང་། དེ་ནི་ཕྱི་ལོ་ ༡༩༨༦ ལོར་སླར་ཡང་བཞེངས་པ་ཞིག་རེད་འདུག དེར་ཕལ་ཆེ་བ་ཨ་མདོ་བ་གྲྭ་བ་གཞོན་གཞོན་ཡིན་པ་ཉེར་དྲུག་ (༢༦) ཡོད་ནའང་། ད་ལྟའི་ཆར་ཡུ་གུར་གྲྭ་བ་མེད། བླ་བྲང་དགོན་པ་ནས་དགོན་པའི་བླ་མ་གཅིག་ཡོད་པ་དང་གྲྭ་པ་ཚོས་གཙོ་བོ་ཆོ་གའི་རིགས་བསྒྲུབ་པ་དང་ཞལ་འདོན་གནང་གི་ཡོད། སྔོན་མ་ཏི་དགོན་དུ་གྲྭ་པ་བརྒྱ་ (༡༠༠) ཙམ་ཡོད་པ་དང་དེ་དག་ལས་མང་ཆེ་བ་ནི་ཨ་མདོ་བོད་པ་ཡིན་པ་རེད། ཀན་སུའུའི་དཀྱིལ་གྱི་སྐམ་རྒྱུད་སྲང་ལམ་གྱི་ས་ཁུལ་དུ་ཨ་མདོ་བོད་པ་ཁྲི་གསུམ་ (༣༠,༠༠༠) ཙམ་ཡོད་པ་དང་ཁོང་ཚོས་ཀན་སུའུའི་བོད་རིགས་ཞེས་འབོད་ཀྱི་ཡོད། ཁོང་ཚོ་ཡུ་གུར་སེར་པོའི་དགོན་པ་ཁག་གི་ནང་ག་དུས་འཛུལ་བཞུགས་བྱས་པའི་ཐད་ལ་གསལ་པོ་མི་འདུག 

ཡུ་གུར་སེར་པོ་གཞོན་གཞོན་དེ་དག་ཡུལ་དེའི་དགོན་པ་ཁག་གི་ནང་འཛུལ་བཞུགས་བྱེད་ཀྱི་མེད། གང་ཡིན་ཞེ་ན། ཁོང་ཚོ་བོད་ཡིག་འབྲི་ཀློག་མི་ཤེས་པ་དང་ཨ་མདོ་གྲྭ་པ་ཚོས་ཁོང་ཚོར་བོད་ཀྱི་སྐད་ཡིག་སློབ་འཁྲིད་བྱེད་ཐུབ་ཀྱི་མེད་པའི་བཟོ་འདྲ་ཞིག་འདུག ཡུ་གུར་གྱི་གྲྭ་པ་ལོ་ན་ཧ་ཅང་མཐོ་བ་ཉུང་ཤས་ལས་ལྷག་མེད། ཁོང་ཚོ་ནི་སྐྱ་ཕབ་ཟིན་པ་དང་ཆང་ས་རྒྱག་ཟིན་ཏེ། སོ་སོའི་ཁྱིམ་དུ་ཉམས་ལེན་མུ་མཐུད་བྱེད་ཀྱི་འདུག གལ་ཏེ་དགེ་རྒན་གྱི་མཐུན་རྐྱེན་ཡོད་ན། ཡུ་གུར་གཞོན་སྐྱེས་འགའ་ལ་དོ་སྣང་དང་སྤྲོ་བ་ཡོད་པ་ནི་ཤོད་མི་དགོས་རེད། 

ཡུ་གུར་སེར་པོའི་དགོན་པ་གཞན་ཆེ་བ་གཉིས་ལྷག་ཡོད་པ་ནི་ཇིའུ་ཆུའན་ (Jiuquan) གྱི་ལྷོ་ཕྱོགས་སུ་ཡོད་པའི་འཇམ་དཔལ་དབྱངས་གྱི་དགོན་པའི་ནང་གྲྭ་བཅོ་བརྒྱད་ (༡༨) ཙམ་ཡོད་པ་དང་། ཝུ་ཝེའི་ (Wuwei) 武威 (ལིའང་ཀྲོའུ་ 凉州 གོང་མ་) ལྷོ་ཕྱོགས་སུ་གཅིག་ཡོད་པ་དེའི་ནང་གྲྭ་བཅུ་ (༡༠) ཙམ་ཡོད། དེ་དག་གི་ནང་ད་ལྟའི་ཆར་ཡུ་གུར་ཡོད་མེད་གསལ་པོ་མི་འདུག ཇི་ཧྲི་ཧྲན་ (Jishishan) ལ་གྲྭ་པ་ལྔ་དྲུག་ཙམ་གྱི་དགོན་པ་ཆུང་ཆུང་ཞིག་ཡོད་ཚོད་འདུག 

སུ་ནན་ (Sunan) རང་གི་ནང་དུ་སྔོན་གྱི་ཡུ་གུར་དགོན་པ་ཆེ་ཤོས་ཡིན་པ་ཧུའང་སི་ (Huang Si) ཞེས་པ་དེ་བསྐྱར་བཞེངས་བྱས་མེད། དེར་ལྷ་ཁང་ཆུང་ཆུང་ཞིག་ཡོད་པ་ནི་མཚོ་ཁུགས་དམར་པོ་ (Hongwan Si) 红湾寺 ཟེར། ཡིན་ནའང་། དེའི་ནང་གྲྭ་པ་གཅིག་ཀྱང་མི་འདུག སྔོན་ལྷ་ཁང་འདིའི་ནང་གྲྭ་པ་ཉི་ཤུ་ (༢༠) ཡོད་འདུག དགུང་ལོ་བདུན་ཅུ་དོན་དྲུག་སོན་པའི་ཡུ་གུར་སེར་པོའི་སྤྲུལ་སྐུ་ལན་ ཅིན་ཡུན་ (Lan Jinyun) སུ་ནན་ལ་བཞུགས་ཀྱི་འདུག 

ཡུ་གུར་དགོན་པ་དེ་དག་ནི་རྟག་ཏུ་རང་རྐང་ཚུགས་པ་རེད། ཀན་སུའུའི་དཀྱིལ་དུ་ཡོད་པ་དེས་བླ་བྲང་དགོན་པ་ནས་བླ་མ་དང་དགེ་རྒན་མང་པོ་གདན་འདྲེན་ཞུ་སྲོལ་ཡོད་པ་དང་བླ་བྲང་དགོན་དུ་ཕར་སློབ་ཕྲུག་མང་པོ་སློབ་སྦྱོང་ཆེད་དུ་གཏོང་སྲོལ་ཡོད་པ་རེད། ཅུ་ཧྲི་ཧྲན་ (Jishishan) དུ་ཡོད་པའི་དགོན་པ་རྣམས་བླ་བྲང་དགོན་དང་ཐག་ཉེ་བར་ཆགས་ཡོད་ནའང་། སྐུ་འབུམ་དགོན་པའི་བཟོ་བཀོད་དང་འདྲ་མཚུངས་ཡོད་པ་རེད།  ད་ལྟའི་ཆར་བླ་བྲང་དགོན་དུ་སློབ་གཉེར་བྱེད་བཞིན་པའི་ཡུ་གུར་གྱི་གྲྭ་པ་གཞོན་གཞོན་འགའ་ཤས་ཡོད་པ་རེད།།

Top