ཕྱི་ལོ་ ༡༩༩༦ ལོར་ཉིང་ཤིའི་ཧུའི་ཁ་ཆེའི་ས་ཁུལ་དུ་ཡོད་པའི་བོད་བརྒྱུད་ནང་བསྟན།

སྐད་ཡིག་གཞན།

ངོ་སྤྲོད།

ཉིང་ཤིའི་ཧུའི་རང་སྐྱོང་ས་ཁུལ་ 宁夏回族自治区 ནི་ཀན་སུའུའི་ 甘肃 ལྷོ་དང་ནང་སོག་ 内蒙古 གི་བར་ལ་ཆགས་ཡོད་པ་དང་། དེ་ནི་ཧུའི་རྒྱ་མི་ཁ་ཆེ་གྲངས་ཉུང་མི་རིགས་ཀྱི་ཕ་ཡུལ་ཡིན་པ་རེད། སྔོན་ཉིང་ཤི་ནི་ནང་སོག་གི་ཞིང་ཆེན་ཞིག་ཡིན་པ་དང་དེའི་ནུབ་ཀྱི་ཐག་རིང་ས་ཁུལ་ཨ་ལག་ཤའི་བྱེ་ཐང་ (Alashan desert) 阿拉善山 ཚུད་ཡོད། ད་ལྟ་ཨ་ལག་ཤ་མང་ཆེ་བ་ནང་སོག་ལ་ཡོད་པ་དང་དེའི་ཆ་ཤས་ཙམ་ནི་ཉིང་ཤིའི་ཞིང་ཆེན་གྱི་ནང་ཡོད། ད་ལྟ་ཉིང་ཤིའི་རྒྱལ་ས་ནི་ཡིན་ཆུའན་ (Yinchuan) 银川 ལ་ཡོད། ཡིན་ནའང་། ཧུའི་ཁ་ཆེ་རྣམས་ནི་རྒྱ་ནག་ཁྱོན་ཡོངས་ལ་ཡོད་པ་དང་དམིགས་བསལ་ཀན་སུའུ་དང་ཆིང་ཧའི་ 青海 ནང་དུ་ཡོད། མང་པོ་ཞིག་ནི་ནང་སོག་དང་བྱང་གི་ཞིང་ཆེན་ཀྲན་ཤི་ (Shaanxi) 陕西 དང་། ཀྲན་ཤི། (Shanxi) 山西ཧེ་ནན། (Henan) 河南 ཧེ་བེ་ (Hebei) 河北 བཅས་ཀྱི་ནང་གནས་སྡོད་བྱེད་ཀྱི་ཡོད། ཁོང་ཚོར་སྐྱབས་བཅོལ་གྱི་སྤྱི་ཚོགས་ཤིག་ཀྱང་ཡོད་པ་དང་དེ་ནི་དུས་རབས་ ༡༩ པའི་དུས་སྨད་ནས་བཟུང་སྟེ་གཙོ་བོ་ཁིར་གྷིསྟཱན་གྱི་ནང་དུ་ཡོད། སུའུ་ལེན་མནའ་འབྲེལ་རྒྱལ་ཁབ་གོང་མའི་དབུས་ཨེ་ཤི་ཡའི་སྤྱི་མཐུན་རྒྱལ་ཁབ་ཀྱི་ནང་གནས་སྡོད་བྱེད་མཁན་གྱི་ཧུའི་ཁ་ཆེ་རྣམས་ལ་ཌུན་གན་ (Dungans) ཞེས་སུ་གྲགས་པ་རེད། 

ཉིང་ཤིའི་ས་ཁུལ་དུ་ཡོད་པའི་ནང་ཆོས།

ཉིང་ཤི་ནི་མི་ཉག་ 西夏 རྒྱལ་ཁམས་ཀྱི་ས་ཆ་གལ་ཆེ་ཤོས་དེ་ཡིན་པ་རེད། དེའི་རྒྱལ་ས་ཡིན་ཁྲུའན་ (yinchuan) ལ་ཡོད་པ་དང་ཚང་མ་ནང་པ་རེད། སོག་པོ་ཚོས་དུས་རབས་ ༡༣ པའི་འགོ་སྟོད་ནས་དེ་ལ་དབང་སྒྱུར་བྱས་ཤིང་། དེ་ནས་བཟུང་སྟེ་དེ་ནི་བོད་བརྒྱུད་ནང་བསྟན་ཆགས་པ་རེད། དེ་ནི་དར་སྐུད་མཚོ་ལམ་གྱི་ཤར་མཐར་ཆགས་ཡོད་པ་དང་ས་ཁུལ་འདི་ནི་དུས་རབས་ ༨ པ་ནས་བཟུང་སྟེ། དབུས་ཨེ་ཤི་ཡ་ནས་ཡིན་པའི་ཁ་ཆེ་ཚོང་པ་ཚོའི་ཕ་ཁྱིམ་བྱས་དང་བྱེད་མུས་རེད། དུས་རབས་ ༡༣ སྨད་ནས་དུས་རབས་ ༡༤ པའི་དཀྱིལ་གྱི་བར་དུ་ཡོན་རྒྱལ་རྒྱུད་ཅེས་སུ་གྲགས་པ་སོག་པོས་རྒྱ་ནག་དབང་སྒྱུར་བའི་སྐབས། སོག་པོས་ཁ་ཆེ་གཞིས་ཆགས་པ་མང་པོ་ཞིག་འཛིན་སྐྱོང་པ་དང་། དམག་མི། སྒྱུ་རྩལ་མཁས་པ་ཆགས་ཕྱིར་དབུས་ཨེ་ཤི་ཡའི་ནང་ཁོང་ཚོའི་དབང་སྒྱུར་ས་ཁུལ་ཁག་ནས་བྱང་རྒྱ་ནག་གི་ཕྱོགས་སུ་སྤོ་བཞུད་བྱེད་དུ་བཅུག་པ་རེད། 

སོག་པོ་དབང་ཐང་ཉམས་པའི་རྗེས་སུ་ཁ་ཆེ་དེ་དག་མུ་མཐུད་ནས་གནས་ཤིང་། དེ་དག་མང་ཆེ་བ་མི་ཉག་གི་ས་ཁུལ་ནང་གནས་སྡོད་བྱེད་ཀྱིན་ཡོད། དུས་རབས་ ༡༤ པའི་སྨད་ནས་ས་ཁུལ་ལ་ས་མར་ཀནྡ་ (Samarkand) དང་ཨུཛ་བེཀིསྟཱན་ནས་བསླེབ་པའི་ཊེ་མར་ལཻན་ (Tamerlane) གྱི་མོ་གུལ་ཁ་ཆེའི་དཔུང་དམག་གིས་བཙན་འཛུལ་བྱེད་པ་དེས་ཁ་ཆེའི་གོ་གནས་དེར་ཤུགས་ཆེ་རུ་བཏང་བ་རེད། མི་ཉག་པ་མང་པོ་ཞིག་ལྷོ་ཕྱོགས་སུ་བྲོས་ནས་ད་ལྟ་ཁམས་སུ་མི་ཉག་ཅེས་གྲགས་པ་དེར་གཞིས་ཆགས་པ་རེད། མི་ཉག་ག་ཚོད་ཙམ་ཞིག་ཐོག་མའི་རང་ཡུལ་ལམ་ཕ་ཡུལ་དུ་གནས་ཡོད་མེད་གསལ་པོ་མི་འདུག ཁ་ཆེའི་སྐྱེས་པ་ཚོས་ནམ་རྒྱུན་ཡང་སེ་ཁ་ཆེ་མིན་པའི་ཡུལ་མིའི་བུད་མེད་དང་མཉམ་དུ་ཆང་ས་རྒྱག་སྲོལ་ཡོད། དེར་བརྟེན་ད་ལྟའི་ཧུའི་མི་རྣམས་རིགས་རྒྱུད་འདྲེས་མ་ཡིན་པ་རེད། 

ལོ་རྒྱུས་ལྟར་བྱས་ན། ཉིང་ཤིའི་ཉེ་འཁྲིས་སུ་བོད་དང་སོག་པོའི་དགོན་པ་མང་པོ་ཡོད་པ་རེད། ཐ་ན་ཁ་ཆེ་ཉིང་ཤི་ལ་བསླེབས་པའི་རྗེས་སུའང་སོག་པོ་ནང་པའི་དགོན་པ་རྣམས་མུ་མཐུད་ནས་གནས་པ་དང་མང་པོ་ཞིག་ཀྱང་གསར་དུ་བཞེངས་ཡོད། རྨ་ཆུའི་ 黄河 ཕ་རོལ་ནས་ཡིན་ཁྲུའན་ (Yinchuan) གྱི་ནུབ་ཀྱི་ཨ་ལག་ཤའི་བྱེ་ཐང་གི་ས་ཁུལ་ནང་ཆ་བཞག་ན། ཕྱི་ལོ་ ༡༩༥༨ བར་དུ་དེར་དགོན་པ་ ༩༠ ཙམ་ཡོད་པ་རེད། དེ་དག་མང་ཆེ་བ་ནི་དགེ་ལུགས་དགོན་པ་རེད། འོན་ཀྱང་། བཀའ་བརྒྱུད་དང་ས་སྐྱའི་དགོན་པའང་ཡོད་པ་དང་དེ་དག་གི་ནང་གཙོ་བོ་ནང་སོག་གི་གྲྭ་པ་ ༣༠༠༠ ཙམ་ཡོད་པ་རེད། དེ་དག་ལས་སྐད་གྲགས་ཆེ་ཤོས་རྣམས་ནི་༧གོང་ས་སྐུ་ཕྲེང་གསུམ་པས་བྷ་ཡན་ཧོ་ (Bayanhot/Bayanhaote) 巴彥浩特 ལ་ཕྱག་བཏབ་པའི་བྷ་རཱུན་ཁུ་རེ་ (Baruun Khure) དང་ཀྲོང་ཆི་ 中旗 ལ་བཞེངས་པའི་ཇུན་གར་ཟུ་ (Zhongqi Si) 中旗寺 གཉིས་ཡིན་པ་རེད། ད་དུང་ཨ་ལག་ཤའི་ས་ཁུལ་དུ་ནང་པའི་དགོན་པ་གསུམ་ཡོད་པ་ནི། བྷ་རཱུན་ཀེཏ་ (Baruun Ket) དང་། ཇུན་ཀེཏ། (Dzuun Ket) ཌེལ་ཀེན་སུམ་ (Delken Sum) བཅས་ཡིན་པ་དང་། དེ་དག་གི་ནང་གྲྭ་པ་ ༢༠ ཙམ་ཡོད་ཅིང་། ས་ཁུལ་འདིའི་ནང་གི་ནང་པ་ཚོ་ནི་ནང་སོག་ཚང་མའི་ནང་ནས་དད་པ་ཆེ་ཤོས་ཡོད་མཁན་རེད། ད་ལྟའི་ཉིང་ཤིའི་ས་མཚམས་ཀྱི་ནང་དེ་དག་ཚུད་ཡོད་དང་མེད་ཀྱི་ཐད་གསལ་པོ་མེད།།

Top