ཨུ་རུ་སུའི་རྒྱལ་ཁམས་སུ་སུའུ་ལེན་སྔོན་གྱི་ནང་ཆོས་ལོ་རྒྱུས།

སྐད་ཡིག་གཞན།
ཨུ་རུ་སུའི་སོག་པོ་དང་ཏུར་ཀིའི་མི་རིགས་ཁྲོད་དུ་དགེ་ལུགས་ཤས་ཆེ་བའི་བོད་སོག་ནང་ཆོས་ཀྱི་ལོ་རྒྱུས་རིང་མོ་ཞིག་ཡོད། དེ་ཡང་དར་སྔ་ཤོས་དེ་དུས་རབས་བཅུ་བདུན་པའི་འགོ་སྟོད་ལ་ཁེསྤི་ཡེན་ (Caspian region) ས་ཁུལ་དུ་ཤར་ཏུར་ཀི་ནས་ཁལ་མུག་དུ་གནས་སྤོ་བྱས་པའི་སོག་པོ་ཁི་ར་ཏའམ་ཨོ་རོད་ (Oirat) ནས་ནས་འགོ་ཚུགས། ཁོང་ཚོའི་འགྲོ་ལམ་དེ་ཨལ་ཏའི་ (Altai) བརྒྱུད་ནས་ཡིན་པ་དང་ ས་ཁུལ་དེའི་ཏུར་ཀིའི་མི་མང་པོས་ཁི་ར་ཏ་ནས་ནང་ཆོས་རང་ལུགས་སུ་བསྟེན་ཡོད། དུས་རབས་བཅོ་ བརྒྱད་པའི་སྨད་ལ་ཁི་ར་ཏའི་མི་མང་པོ་ཞིག་ཤར་ཏུར་ཀིར་ལོག་ཕྱིན། ད་ཡོད་ཀྱི་ཁལ་མུག་པ་རྣམས་ ནི་དེ་དུས་ཤུལ་དུ་གནས་པའི་རིགས་བརྒྱུད་ཡིན་པ་རེད། གང་ལྟར་ཡང་། ཨུ་རུ་སུའི་རྒྱལ་ཁམས་ལ་ ནང་ཆོས་འཕེལ་རྒྱས་ཆེ་ཤོས་དེ་ནི་དུས་རབས་བཅོ་བརྒྱད་པའི་འགོ་སྟོད་དུ་འགོ་བཙུགས་པའི་སཡེ་བྷེ་རི་ཡའི་ (Siberia) བྷེ་ཀ་ལི་ཡ་བརྒལ་བའི་ (Transbaikalia) སོག་པོ་བྷུརྱ་ཏིའི་ཁྲོད་དུ་ཡིན་པ་རེད། དུས་རབས་བཅོ་བརྒྱད་པའི་དུས་མཇུག་ལ་ནང་ཆོས་དེ་སོག་ཡུལ་ནས་ཏུ་ཝའི་ནང་གི་ཏུར་ཀིའི་མི་ རིགས་ཁྲོད་དུ་དར་ཞིང་། དེའི་སྐབས་སུ་ཏུ་ཝ་དང་སོག་ཡུལ་གཉིས་ཀ་རྒྱ་ནག་མན་ཇུ་ཆིང་རྒྱལ་རྒྱུད་ ཀྱི་མངའ་འོག་ཏུ་ཡོད་པ་རེད།
Top