ཕྱི་ལོ་ ༡༩༩༤ ལོར་པེ་ཅིང་དུ་ཤེས་རིག་སློབ་གཉེར་ཁང་དང་ནང་པའི་ལྷ་ཁང་ཁག

སྐད་ཡིག་གཞན།

པེ་ཅིང་དུ་ཡོད་པའི་གཤམ་གྱི་ཤེས་རིག་སློབ་གཉེར་ཁང་གི་ནང་བོད་རིག་པའི་སློབ་གཉེར་བྱེད་ཀྱི་ཡོད།

༡༽ རྒྱ་བོད་རིག་པའི་ཞིབ་འཇུག་བསྟི་གནས་ཁང་ (China Tibetology Research Center) 中国藏学研究中心 གི་དབུ་འཛིན་རྡོ་རྗེ་ཚེ་བརྟན་ལགས་དང་དབུ་འཛིན་གཞོན་པ་ཧུ་ཐན་ (Hu Tan) ཡིན་པ་དང་། དེའི་ནང་ལས་མི་ ༡༢༠ ཡོད། དེ་དག་ལས་ཕྱེད་ཙམ་ནི་ཉམས་ཞིབ་ཀྱི་ལས་ཀར་ཞུགས་པ་དང་ཕྱེད་ཙམ་ནི་འཛིན་སྐྱོང་པ་དང་། དཔེ་མཛོད་དོ་དམ་པ། དྲུང་ཆེ་བཅས་ཡིན་པ་རེད། དེ་ནི་བོད་ཀྱི་ཐད་རྒྱ་ནག་གི་ཉམས་ཞིབ་བསྟི་གནས་ཁང་གཙོ་བོ་དེ་ཡིན་པ་རེད། དོན་དངོས་ཀྱི་ཆ་ནས་ཉམས་ཞིབ་པ་བགྲེས་པ་ཚང་མ་རྒྱ་མི་ཡིན་ནའང་། ཉམས་ཞིབ་མཁས་པ་མང་ཆེ་བ་བོད་པ་རེད། དེ་ནི་མཐོ་སློབ་ཅིག་མིན་ནའང་། སྐབས་སྐབས་སུ་བྱང་ཀོ་རི་ཡའི་སློབ་ཕྲུག་འགའ་ཤས་ཀྱིས་གཙུག་ལག་རབ་འབྱམས་པའི་ཕྱག་ཁྱེར་ཆེད་དུ་ཉམས་ཞིབ་བྱས་དང་བྱེད་མུས་རེད། སོག་པོ་དང་གྲངས་ཉུང་གི་སློབ་སྦྱོང་གཞན་དག་གི་ཆེད་དུ་བསྟི་གནས་ཁང་དེ་དང་གཅིག་མཚུངས་མེད། བསྟི་གནས་ཁང་དེ་ལ་སྡེ་ཚན་གསུམ་ཡོད་དེ།

༡-ཀ༽ ལོ་རྒྱུས་དང་ཆོས་ལུགས་ཀྱི་ཉམས་ཞིབ་སློབ་གཉེར་ཁང་། (Research Institute of History and Religion) 历史宗教研究所 དེའི་དབུ་འཛིན་སློབ་དཔོན་ཆེན་མོ་ཁྲེན་ཆིང་ཡིང་ (Chen Qingying) ཡིན་པ་དང་། འདི་ལ་ནང་གསེས་ཀྱི་སྡེ་ཚན་བཞི་ཡོད་དེ།

༡-ཀ ༡༽ ལོ་རྒྱུས་ཀྱི་སྡེ་ཚན། འདིའི་ནང་རྒྱའི་མཁས་པ་ཁོ་ན་ཡོད་པ་དང་དེ་དག་གིས་མང་ཆེ་བ་གཞི་རྩའི་རྒྱ་ནག་གི་ལོ་རྒྱུས་ཀྱི་རྒྱུ་ཆ་ཁག་དང་ཐབས་ལམ་གྱི་སྐོར་ཉམས་ཞིབ་བྱེད་ཀྱི་ཡོད།

༡-ཀ ༢༽ ཆོས་ལུགས་ཀྱི་སྡེ་ཚན། འདིའི་ནང་མཁས་པ་གཉིས་ཀྱིས་བོད་བརྒྱུད་ནང་བསྟན་གྱི་ཆོས་བརྒྱུད་བཞིའི་སྐོར་ཉམས་ཞིབ་བྱེད་ཀྱི་ཡོད།

༡-ཀ ༣༽ བོན་གྱི་སྡེ་ཚན། འདིའི་ནང་མཁས་པ་གཅིག་ཁོ་ན་ཡོད།

༡-ཀ ༤༽ ལེགས་སྦྱར་དང་བོད་ཀྱི་ནང་པའི་གཞུང་ལུགས་སྡེ་ཚན། འདིའི་ནང་རྒྱའི་མཁས་པ་བཞི་དང་བོད་ཀྱི་མཁས་པ་དྲུག་ཡོད། ཆོས་ལུགས་དང་ལྟ་གྲུབ་སྐོར་གྱི་ཡིག་ཆར་ཉམས་ཞིབ་བྱེད་ཀྱི་ཡོད། 

སྡེ་ཚན་གཙོ་བོ་གཞན་གཉིས་ནི།

༡-ཁ༽ སྤྱི་ཚོགས་དང་རིག་གཞུང་སློབ་གཉེར་ཞིབ་འཇུག་ཁང་ (Research Institute of Social and Cultural Studies) 社会文化研究所 གིས་དེང་དུས་ཀྱི་སྤྱི་ཚོགས་དང་མི་རྒྱུད་དཔྱད་རིག་གི་དྲི་བ་ཁག་ལ་ཉམས་ཞིབ་དང་། ད་ལྟ་བོད་ཀྱི་གནས་བབས་ལ་དཔྱད་པ་བྱེད་ཀྱིན་ཡོད། འདིས་བོད་ཀྱི་སྐད་ཡིག་གི་ནུས་པར་ནན་བརྗོད་བྱེད་ཀྱི་ཡོད།

༡-ག༽ གནས་ཚུལ་ཆ་འཕྲིན་དང་ཡིག་ཆ་ཞིབ་འཇུག་སློབ་གཉེར་ཁང་ (Research Institute for Information and Documents) 图书资料馆 གིས་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་མཛད་འཆར་ཁག་དང་བཙན་བྱོལ་བོད་མིའི་སྤྱི་ཚོགས་ཀྱི་གནས་ཚུལ་རྣམས་ཕྱོགས་བསྡུས་བྱེད་ཀྱི་ཡོད། དེ་ལ་གནའ་བོའི་ཡིག་ཆའི་ཆེད་དུ་དཔེ་མཛོད་ཁང་གཅིག་དང་ཉམས་ཞིབ་སྡེ་ཚན་ཞིག་ཀྱང་ཡོད། དཔེ་མཛོད་ཁང་དེའི་ནང་དུ་སྡེ་དགེ་ནས་ཁྱེར་བའི་དཔེ་ཆ་མང་པོ་དང་པོ་ཏཱ་ལ་ནས་ཁྱེར་བའི་ལེགས་སྦྱར་སྐད་དུ་བཞུགས་པའི་དཔེ་ཆ་མང་པོ་ཡོད། དེ་དག་ནི་རྒྱ་ནག་གི་དབང་འཛིན་པ་རྣམས་དང་མཉམ་རུབ་ཐོག་ལས་གཞིའི་ཁག་ལ་ལས་ཀ་བྱེད་བཞིན་པའི་ཕྱི་རྒྱལ་གྱི་མཁས་པ་ཁོ་ནས་བེད་སྤྱོད་བྱེད་པ་ཞིག་ཡིན་སྲིད།

༢༽ རྒྱ་ནག་གི་སྤྱི་ཚོགས་ཚན་རིག་གཙུག་ལག་སློབ་ཁང་ (Chinese Academy of Social Sciences) 中国社会科学院 གི་ནང་སློབ་གཉེར་ཁང་ ༥༠ ཡོད་པ་དང་། དེ་དག་ལས་གསུམ་གྱི་ནང་བོད་རིག་པའི་སྐོར་སློབ་སྦྱོང་བྱེད་ཀྱི་ཡོད། 

༢-ཀ༽ ཨེ་ཤི་ཡ་དང་ཞི་བདེའི་རྒྱ་མཚོས་སྐོར་བའི་རྒྱལ་ཁབ་དང་འབྲེལ་བའི་སློབ་གཉེར་ཁང་ (Institute of Asia-Pacific Studies) 亚洲太平洋研究所 གི་ནང་ལྷོ་ཨེ་ཤི་ཡའི་རིག་གཞུང་སློབ་གཉེར་ཁང་ (Center for the Study of Asian Cultures) 南亚文化研究中心 ཞིག་ཡོད་པ་དང་། དེའི་དབུ་འཛིན་སློབ་དཔོན་ཆེན་མོ་ཧུའང་ཤིན་ཆུའན་ (Prof. Huang Xinchuan) ཡིན་ཞིང་། དེའི་ནང་གི་ཆོས་ལུགས་དང་ལྟ་གྲུབ་ཀྱི་སྡེ་ཚན་ (Division of Religion and Philosophy Research) 宗教哲学研究所 གྱི་དབུ་འཛིན་ཀྲུ་མིང་ཙུང་ (Zhu Ming-zhong) ཡིན་པ་རེད། སྡེ་ཚན་དེ་གཉིས་ཀྱི་ནང་མཁས་པ་ ༩༠ དང་གཙུག་ལག་གོང་མའི་སློབ་མ་གསུམ་ཡོད་པ་དང་། དེ་དག་གིས་རྒྱ་གར་གྱི་ནང་ཆོས་དང་ལེགས་སྦྱར་ཀྱི་སྐད་སྦྱོང་ཆེད་བོད་ཀྱི་སྐད་ཡིག་བེད་སྤྱོད་བྱེད་ཀྱི་ཡོད། 

༢-ཁ༽ རྒྱལ་ཡོངས་གྲངས་ཉུང་མི་རིགས་ཀྱི་རྩོམ་རིག་སློབ་གཉེར་ཁང་ (Institute for the Literature of National Minorities) 民族文化所 ལ་ནང་གསེས་སྡེ་ཚན་གཉིས་ཡོད་དེ། 

༢-ཁ ༡༽ ལྟ་གྲུབ་སློབ་གཉེར་བསྟི་གནས་ཁང་ (Center for Philosophical Studies) 哲学中心 གི་ནང་རྒྱའི་མཁས་པ་གསུམ་དང་བོད་ཀྱི་མཁས་པ་གཉིས་ཡོད།

༢-ཁ ༢༽ གེ་སར་རིག་གནས་ཞིབ་འཇུག་ཁང་ (Center for Gesar Epic Studies) 学中心 གི་ནང་བོད་ཀྱི་མཁས་པ་གསུམ་དང་རྒྱའི་མཁས་པ་གཉིས་ཡོད། སློབ་གཉེར་ཁང་འདིའི་ནང་སློབ་ཕྲུག་བཅུ་ཡོད་པ་དང་དེའི་ནང་གཙུག་ལག་རབ་འབྱམས་པའི་ཕྱག་ཁྱེར་གྱི་སློབ་སྦྱོང་སྤྲོད་ཀྱི་ཡོད། 

༢-ག༽ རྒྱལ་ཡོངས་གྲངས་ཉུང་མི་རིགས་སློབ་གཉེར་ཁང་ (Institute for National Minorities Studies) 民族研究所 གི་ནང་ལས་བྱེད་ ༣༠༠ ཡོད་ནའང་། དེ་དག་ལས་བཅུས་བོད་ཀྱི་རིག་གཞུང་ཐོག་ལས་ཀ་བྱེད་ཀྱིན་ཡོད། དེས་གཙོ་བོ་སོག་ཡུལ་དང་ཡོན་རྒྱལ་རྒྱུད་ (Yuan Dynasty) ཀྱི་སྐོར་སློབ་སྦྱོང་བྱེད་པ་དང་དཔེ་མཛོད་ཁང་ཆེན་པོ་ཞིག་ཀྱང་ཡོད། 

༣༽ དབུས་རྒྱལ་ཡོངས་གྲངས་ཉུང་གཙུག་ལག་སློབ་ཆེན་ (Central University for National Minorities) 中央民族大学 ལ་སྔོན་འདི་ལ་དབུས་རྒྱལ་ཡོངས་གྲངས་ཉུང་སློབ་གཉེར་ཁང་ (Central Institute for National Minorities) 中央民族学院 ཟེར་གྱི་ཡོད། འདིའི་ནང་བོད་རིག་པའི་སྡེ་ཚན་ (Department of Tibetology) 藏学系 ཞིག་ཡོད་པ་དེའི་ནང་སློབ་ཕྲུག་བརྒྱ་ (༡༠༠) ཡོད་པ་ལས་མང་ཆེ་བ་བོད་པ་ཡིན་ཞིང་། འཛིན་གྲྭ་ལོགས་སུ་བཞི་ཡོད། དེའི་ནང་ཉེ་བའི་གཙུག་ལག་སློབ་མའི་བོད་ཀྱི་སྐད་ཡིག་དང་། རྩོམ་རིག ལོ་རྒྱུས་བཅས་བསླབ་ཀྱི་ཡོད། སློབ་ཆེན་འདིའི་ནང་བོད་རིག་པའི་སློབ་གཉེར་ཁང་ (Institute of Tibetology) 藏学学院 ཞིག་ཀྱང་ཡོད་པ་དང་མི་བཅོ་ལྔས་ (༡༥) བོད་ཀྱི་སྐོར་ལ་ཉམས་ཞིབ་བྱེད་ཀྱི་ཡོད། 

༤༽ རྒྱལ་ཡོངས་གྲངས་ཉུང་རིག་གཞུང་ཕོ་བྲང་དཔེ་མཛོད་ཁང་ (National Minorities Cultural Palace Library) 民族文化馆 ཞེས་པའི་དཔེ་མཛོད་ཁང་འདིའི་བོད་ཀྱི་སྡེ་ཚན་གྱི་ནང་པེ་ཅིང་ནང་གི་རྒྱུ་ཆ་ཕྱོགས་བསྡུས་ཆེ་ཤོས་དེ་ཡོད་པ་དང་། དེའི་ནང་ལག་བྲིས་དཔེ་ཆ་ཆག་ཉེན་ཅན་མང་པོ་ཡོད། ཕྱོགས་བསྡུས་རག་ཐབས་སོགས་ཀྱི་གནང་བ་ཐོབ་རྒྱུ་དཀའ་ལས་ཁག་པོ་ཡོད།

༥༽ རྒྱལ་ཡོངས་གྲངས་ཉུང་དཔེ་སྐྲུན་ཁང་ (National Minorities Publishing House) 民族出版社  ཡོད།

༦༽ རྒྱལ་ཡོངས་གྲངས་ཉུང་སློབ་གཉེར་བསྟི་གནས་ཁང་ (Center for National Minorities Studies) 民族研究中心 ནི་དབུས་གཞུང་གི་རྒྱལ་ཡོངས་གྲངས་ཉུང་གི་སྡེ་ཚན་ (Central Government’s Department of National Minorities) འོག་ཏུ་ཡོད། འདིའི་ནང་གཙུག་ལག་སློབ་ཚན་མེད། དེས་བོད་པ་མིན་པའི་རྒྱལ་ཡོངས་གྲངས་ཉུང་དང་འབྲེལ་བའི་སློབ་གཉེར་ཁང་གི་མ་དངུལ་ཐད་སྟངས་འཛིན་བྱེད་ཀྱི་ཡོད། 

༧༽ བོད་ཀྱི་སྐད་ཡིག་ཆེད་ཆེས་མཐོའི་ནང་པའི་སློབ་ཁང་ (Higher Level Buddhist College for Tibetan Language) 藏语系高级佛学院 ནི་པཎ་ཆེན་སྐུ་ཕྲེང་གོང་མས་ (སྐུ་ཕྲེང་བཅུ་པ་) ཕྱི་ལོ་ ༡༩༨༧ ལོར་རྩ་འཛུགས་གནང་བའི་གཞུང་གི་ནང་པའི་མཐོ་སློབ་ཡིན་པ་རེད། དེ་ནི་ནུབ་ཀྱི་ལྷ་ཁང་སེར་པོའི་ (Xihuang Si) 西黄寺 ས་ཆར་ཆགས་ཡོད་པ་དང་། དེ་ནི་བོད་མི་ཚོའི་ཆེད་དུ་པེ་ཅིང་ལ་ཡོད་པའི་དགོན་པ་གོང་མ་དང་༧གོང་ས་སྐུ་ཕྲེང་ལྔ་པ་དང་པཎ་ཆེན་སྐུ་ཕྲེང་བརྒྱད་པ་རྒྱ་ནག་ཏུ་ཕེབས་སྐབས་ཀྱི་བཞུགས་གནས་ཡིན་པ་རེད། དེ་ཡང་དུས་རབས་བཅོ་བརྒྱད་པའི་དུས་དཀྱིལ་དུ་བཞེངས་པ་དང་དེའི་ནང་པཎ་ཆེན་སྐུ་ཕྲེང་བརྒྱད་པའི་གདུང་རྟེན་ཡོད། ད་དུང་ཤར་གྱི་ལྷ་ཁང་སེར་པོ་ (Donghuang Si) 东黄寺 ཟེར་བ་ཞིག་ཀྱང་ཡོད་པ་དང་། དེའི་ནང་སོག་པོའི་ཆེད་དུ་དེ་སྔོན་པེ་ཅིང་དུ་ཡོད་པའི་དགོན་པ་གཙོ་བོ་དེ་ཡོད། དེ་བཞིན་དབུས་ཀྱི་ལྷ་ཁང་སེར་པོ་ (Zhonghuang Si) 中黄寺 ནི་པེ་ཅིང་དུ་ཡོད་པའི་ཁལ་ཁ་རྗེ་བཙུན་དམ་པ་ཧུ་ཐུཁ་ཏུའི་བཞུགས་གནས་ཡིན་པ་རེད། ཕྱི་མ་གཉིས་ནི་ད་ལྟ་ཡུན་གནས་ཐུབ་མེད། 

མཐོ་སློབ་དེ་ལ་དགེ་རྒན་བཞི་དང་འཛིན་གྲྭ་གཉིས་ཡོད། གྲྭ་པ་དཀྱུས་མའི་འཛིན་གྲྭའི་ནང་བཅུ་ཐོག་ན་གཞོན་དང་སློབ་ཕྲུག་གཞོན་སྐྱེས་དར་མ་ ༢༠ ཡོད་པ་རྣམས་ཀྱིས་གཙོ་བོར་བོད་ཀྱི་སྙན་ངག་དང་། རྩོམ་རིག བོད་དང་ལེགས་སྦྱར་སྐད་ཀྱི་བརྡ་སྤྲོད་པ། སྐར་རྩིས་རིག་པ། བོད་བརྒྱུད་ནང་བསྟན་གྱི་ཆོས་བརྒྱུད་བཞིའི་སྐོར་བསླབ་པ་སློབ་གཉེར་བྱེད་ཀྱི་ཡོད། ཁོང་ཚོས་ལམ་རིམ་ཆེན་མོ་སློབ་སྦྱོང་བྱེད་སྲོལ་ཡོད་ནའང་། དགེ་ལུགས་པའི་ལང་ཕྱོགས་ལ་ནན་བརྗོད་ཆེ་དྲགས་པ་འདུག་ཅེས་དགག་བྱ་ཡོད་པའི་རྐྱེན་གྱིས་ད་ཆ་ཁོང་ཚོས་ཆོས་བརྒྱུད་སྣ་ཚོགས་པའི་ལམ་རིམ་དང་ལྷག་པར་དུ་སྤྱོད་འཇུག་ལ་སློབ་སྦྱོང་བྱེད་ཀྱི་ཡོད། སྔོན་པཎ་ཆེན་གྱི་གཞུང་ལུགས་ཀྱི་རྗེས་སུ་འབྲངས་ནས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་གཞུང་ལ་ཏོག་ཙམ་སློབ་སྦྱོང་བྱས་ཀྱང་། ད་ཆ་མཚན་ཉིད་ཀྱི་རྩོད་གླེང་ཕལ་ཆེར་མེད་པ་རེད། ཐོག་མར་སློབ་གྲྭ་ནི་ལོ་གཅིག་གི་རིང་ཡིན་པ་དང་དེ་ནས་རིམ་པས་ལོ་གཉིས་དང་གསུམ་བཅས་ད་ལྟའི་ཆར་ལོ་བཞི་ཡིན་པ་རེད། འཛིན་གྲྭ་རྙིང་པ་ཐོན་པ་དང་གཞི་ནས་འཛིན་གྲྭ་གསར་པར་འཛུལ་བཞུགས་བྱེད་ཀྱི་ཡོད། 

འཛིན་གྲྭ་གཉིས་པ་དེ་ནི་ལོ་ན་བཞི་བཅུ་ (༤༠) བརྒལ་བའི་སྤྲུལ་སྐུ་ཚོའི་ཆེད་དུ་ཡིན་པ་དང་དེའི་ནང་སློབ་ཕྲུག་ ༢༣ ཡོད་པ་དང་དེ་ལོ་གཉིས་ཁོ་ནའི་རིང་ལ་རེད། སྤྲུལ་སྐུ་ཚོས་གྲུབ་མཐའ་དང་ལམ་རིམ་ཁོ་ནར་སློབ་སྦྱོང་བྱེད་པ་ལས། བརྡ་སྤྲོད་པ་དང་། སྙན་ངག སྐར་རྩིས་རིག་པ་བཅས་མེད། ཁོང་ཚོས་གསང་སྔགས་དང་དབང་བསྐུར་བའི་ཐབས་ཀྱི་སྐོར་ལའང་ཏོག་ཙམ་སྦྱོང་གི་ཡོད། པཎ་ཆེན་རིན་པོ་ཆེ་ཞལ་བཞུགས་པའི་སྐབས། སློབ་གྲྭས་དམར་ཤོག་ལེ་ཉིན་གྱི་རིང་ལུགས་སྐོར་སློབ་སྦྱོང་བྱ་རྒྱུའི་གཞུང་གི་དགོས་མཁོ་ལ་སྣང་མེད་བཏང་ཐུབ་ཀྱི་ཡོད། འོན་ཀྱང་། པཎ་ཆེན་རིན་པོ་ཆེ་ཕྱི་ལོ་ ༡༩༨༩ ལོར་སྐུ་གཤེགས་ནས་བཟུང་སྟེ། འཛིན་གྲྭ་གཉིས་ཀས་ལེ་ཉིན་རིང་ལུགས་ཀྱི་སྐོར་སྦྱོང་ཆེད་དུས་ཚོད་ཧ་ཅང་མང་པོ་གཏོང་དགོས་ངེས་ཆགས་པ་རེད། མཐོ་སློབ་ལ་གཙུག་ལག་ཉམས་ཞིབ་ཚན་པ་ཞིག་ཀྱང་ཡོད། 

པེ་ཅིང་ལའང་གཤམ་གྱི་ནང་པའི་ལྷ་ཁང་དང་སྒྲིག་འཛུགས་ཚོགས་སྡེ་ཁག་ཡོད།

༡༽ དགའ་ལྡན་བྱིན་ཆགས་གླིང་ (Yonghe Gong) 雍和宫 ནི་བོད་སོག་ལྷ་ཁང་དང་དགོན་པ་ཞིག་ཡིན་པ་དང་དེའི་ནང་གྲྭ་པ་བརྒྱ་ (༡༠༠) ཡོད། གྲྭ་པའི་ནང་གཞོན་གཞོན་དང་རྒས་འཁོགས་གཉིས་ཀ་ཡོད། དེ་དག་ལས་བརྒྱད་ནི་ཨ་མདོ་ནས་ཡིན་པ་དང་གཞན་རྣམས་ནང་སོག་ནས་ཡིན་པ་རེད། ཁོང་ཚོས་བོད་ཀྱི་སྐད་ཡིག་དང་། གསང་སྔགས་ཀྱི་ཆོ་གའི་རིགས། ལམ་རིམ་ཆེན་མོ་བཅས་ལ་སློབ་སྦྱོང་བྱེད་ཀྱི་ཡོད། ནམ་རྒྱུན་ལྡན་གྱི་ཁ་ཏོན་རྟ་དབྱངས་ནི་བླ་མ་མཆོད་པ་དང་གཤིན་རྗེ་གཤེད་ཀྱི་ཆོ་ག་རྣམས་རེད། བོད་ཀྱི་ལྷ་ཁང་ཕལ་ཆེར་ཚང་མའི་ནང་པཎ་ཆེན་རིན་པོ་ཆེ་སྐུ་གོང་མའི་སྐུ་པར་ཡོད་ནའང་། གྲྭ་པ་སོ་སོ་སྒེར་གྱི་གྲྭ་ཤག་ནང་མ་གཏོགས་གཞན་༧གོང་ས་མཆོག་གི་སྐུ་པར་མེད། རྒྱ་མི་ཆོས་སེམས་ཅན་དང་དེ་བཞིན་རྒྱལ་ཕྱི་ནང་གི་ཡུལ་སྐོར་སྤྲོ་འཆམ་པ་མང་པོ་ལྷ་ཁང་མཇལ་དུ་བསླེབ་ཀྱི་ཡོད། ལྷ་ཁང་དེ་ནི་སྔོན་མན་ཇུ་གོང་མ་ཞིག་གི་བཞུགས་གནས་ཡིན་པ་དང་ཕྱི་ལོ་དུས་རབས་ ༡༨ པའི་དུས་དཀྱིལ་དུ་དེ་ལྷ་ཁང་དུ་བསྒྱུར་བ་རེད། 

༢༽ ཧྥཱ་ཡུའན་ སི་ (Fayuan Si) 法源寺 ཞེས་པའི་ལྷ་ཁང་ནང་ཧན་རྒྱ་མིའི་གྲྭ་པ་བརྒྱ་ཡོད་པ་དང་དེ་ནི་པེ་ཅིང་དུ་མང་ཚོགས་ཆོས་ལ་དད་མོས་སྐྱེ་ཆེད་དུ་སྒོ་འབྱེད་བྱས་པའི་རྒྱ་ནག་གི་དགོན་པ་གཅིག་ཁོ་ན་དེ་རེད། ཡིན་ནའང་། དེའི་ནང་གི་ཆོས་ཕྱོགས་ཀྱི་ཡོ་བྱད་མང་པོ་ཞིག་ནི་ཀུའང་ཅི་ སི་ (Guangji Si) 广济寺 ལ་སྤོས་པ་དང་དེ་ནི་མི་མང་སྤྱི་ལ་སྒོ་རྒྱག་ཡོད། ཧྥ་ཡུའན་སི་ནི་པེ་ཅིང་ནང་གི་ཁ་ཆེ་ལྷ་ཁང་ཆེ་ཤོས་ཀྱི་ཟུར་དུ་ཆགས་ཡོད། 

༣༽ ཀུའང་ཅི་ སི་ (Guangji Si) ལ་དག་ཞིང་ཆོས་བརྒྱུད་ཀྱི་གྲྭ་པ་ ༢༣ དང་དེའི་ནང་རྒྱ་ནག་གི་ནང་པའི་ཚོགས་པ་ (Chinese Buddhist Association) 中国佛教社会 སྟེ། རྒྱ་ནག་ནང་པའི་གཞུང་འབྲེལ་གྱི་དམར་ཤོག་ཚོགས་སྡེ་ཡོད། དེས་དྷརྨ་གྷོ་ཤའམ་ཆོས་ཀྱི་དབྱངས་ཀྱི་བརྙན་དེབ་པར་སྐྲུན་བྱེད་ཀྱི་ཡོད། བོད་དང་ནང་སོག་གི་རིན་པོ་ཆེ་བླ་ཆེན་མང་ཆེ་བ་རྣམས་ཚོགས་མིའམ་ཡང་ན་ལས་སྣེ་པ་བྱེད་དགོས་ཀྱི་ཡོད། དགོན་པ་འདི་ནི་གཞུང་གིས་ཕྱི་རྒྱལ་ཨེ་ཤི་ཡའི་གཞུང་འབྲེལ་ནང་པའི་སྐུ་ཚབ་རྣམས་ལ་སྟོན་གྱི་ཡོད། དེའི་ནང་རྒྱ་ནག་གི་ནང་པའི་རིག་གཞུང་ཉམས་ཞིབ་གཞུང་ལས་ཁང་ (Chinese Buddhist Cultural Research Bureau) 中国佛教文化研究所 ཞིག་ཀྱང་ཡོད་པ་རེད། 

༤༽ ཀུའང་ཧུའ་ སི་ (Guanghua Si) 广化寺 ལ་གྲྭ་པ་ ༡༠ ཡོད་པ་དང་། འདིའི་ནང་པེ་ཅིང་གི་གྲོང་སྡེ་ལས་ཁུངས་ཀྱི་ནང་པའི་ཚོགས་པ་ (Beijing Municipal Buddhist Association) 北京市佛教社会 ཡོད་ཅིང་། འདི་ནི་མཚོན་དོན་ཙམ་གྱི་ལས་ཁུངས་ཤིག་ཡིན་པ་ལྟར་སྣང་། སྔོན་གྱི་ལྷ་ཁང་ལྟར་ལྷ་ཁང་འདིའང་མི་མང་སྤྱི་ལ་སྒོ་རྒྱག་ཡོད། འོན་ཀྱང་། ཕྱི་ལོ་ ༡༩༩༣ ལོར་ཆེ་ཤོས་རིན་པོ་ཆེས་འདིར་གཤིན་རྗེ་གཤེད་ཀྱི་དབང་གནང་ཡོད། 

༥༽ པེ་ཅིང་ནང་པའི་སྐྱ་བོའི་སྤྱི་ཚོགས་ (Beijing Buddhist Laymen’s Society) 北京佛教居士林 ཀྱི་ནང་། རྒྱ་ནག་དང་བོད་ཀྱི་དགེ་ལུགས་པའི་ཆོས་བརྒྱུད་ཟུང་འབྲེལ་ཐོག་སློབ་སྦྱོང་དང་ཉམས་ལེན་ཧ་ཅང་རྣམ་དཔྱོད་ལྡན་པ་ཡོད། 

༦༽ བཻ་ཏ་སི་ (Baita Si) 白塔寺 ལ་སྔོན་མིའོ་ཡིང་སི་ (Miaoying Si) 妙应寺 ཞེས་བརྗོད་ཀྱི་ཡོད། འདིའི་ནང་དུས་རབས་ ༡༣ པའི་དུས་མཇུག་ཙམ་ལ་བལ་པོའི་ཁང་བཟོ་འཆར་འགོད་པ་ཨ་ནི་གེས་ (Anige) ཀུབ་ལེ་ཁཱན་གྱི་ཆེད་དུ་བཞེངས་པའི་མཆོད་རྟེན་ཆེན་པོ་ཞིག་ཡོད། མན་ཇུའི་དུས་སྐབས་སུ་མན་ཇུའི་གྲྭ་འགའ་ཞིག་གོང་མའི་ཕོ་བྲང་དང་འབྲེལ་བ་ཡོད་ཚུལ་བརྗོད་ཀྱི་ཡོད། དགོན་པ་འདི་ནི་ད་ཆ་འགྲེམས་སྟོན་ཁང་ཡིན་པ་དང་གྲྭ་པ་མེད་པ་རེད། 

༧༽ བྷེ་ཧའི་སྐྱེད་ཚལ་ (Beihai Park) ལ་ཡོད་པའི་བྷཻ་ཏ་མཆོད་རྟེན་ (Baita Stupa) 白塔 གྱི་ཉེ་འཁོར་དུ་དགོན་པ་མེད།

༨༽ ཝུ་ཐའི་ སི་ (Wutai Si) 五台寺 རྒྱའི་དགོན་པ་འགྲེམས་སྟོན་ཁང་ལྟ་བུར་སྒོ་ཕྱེས་ཤིང་། དེའི་ནང་གྲྭ་པ་མེད།

༩༽ དྲི་ངད་ལྡན་པའི་རི་བོར་ (Fragrant Hills) (Xiangshan) ཡོད་པའི་ཧྲུ་ཤིའང་ཡང་ན་བྷའོ་ཤིའང་སི་ (Shuxiang or Baoxiang) 宝相 殊像寺 ནི་མན་ཇུའི་ཆེད་དུ་པེ་ཅིང་ལ་ཡོད་པའི་དགོན་པ་ཡིན་ནའང་། ད་ལྟ་དེ་ནི་འགྲེམས་སྟོན་ཁང་ཞིག་ཡིན་པར་བརྗོད།།

Top