ཕྱི་ལོ་ ༡༩༩༦ ལོར་རྒྱ་ནག་ནང་བོད་དང་ཁ་ཆེའི་ཆོས་ལུགས་ཀྱི་གནས་བབས།
འབུམ་རམས་པ་ཨེ་ལེག་ཛན་ཌར་བྷར་ཛིན།
རྒྱ་ནག་སྤྱི་མཐུན་རྒྱལ་ཁབ་ནང་གི་ཆོས་ལུགས་གནས་བབས་དེ་ཕྱི་ལོ་ ༡༩༩༤ ལོ་ནས་བཟུང་སྟེ་ལོ་ངོ་གཉིས་ཀྱི་རིང་ཉམས་རྒུད་ཕྱིན་ཡོད་པ་དང་། ཆོས་ལུགས་དེ་དག་ཚང་མའི་ནང་ནས་ནང་ཆོས་ལ་དཀའ་ངལ་ཆེ་ཤོས་འཕྲད་བཞིན་ཡོད། དེའི་སྐབས་སུ་ནང་ཆོས་ལས་ལྡོག་སྟེ། ཁ་ཆེའི་ཆོས་ལུགས་དེ་རྒྱལ་ཁབ་ལ་ཡོད་པའི་མི་མང་གི་ལར་ཞེན་ལ་འཇིགས་སྐུལ་ཞིག་ཏུ་ངོས་འཛིན་བྱས་མེད་པ་དང་དམ་བསྒྲགས་ཉུང་བ་བྱུང་ཡོད།