དམིགས་ཡུལ། བོད་བརྒྱུད་ནང་བསྟན་གྱི་ནང་སྒོམ་ཞེས་བྱ་བ་དེ་གང་ཡིན་རྟོགས་དགོས་པ་སྟེ། སྒོམ་བརྒྱབ་སྟངས་སྦྱོང་དགོས་པ་དང་སྦྱོང་བརྡར་གྱི་ནང་ལམ་སྟོན་ཐོབ་པར་བྱེད་དགོས།
སྒོམ་བརྒྱབ་མཁན། གནས་ཚད་ཀྱི་རིམ་པ་དང་ལོ་ཚད་གང་རུང་ཆོག
སྒྲོམ་གཞི།
- འགྲེལ་བཤད། (དཀའ་ངལ། རྒྱུ། དཔེ། ཐབས་ལམ།)
- སྒོམ། (གལ་གནད་ཆེ་བའི་ཚིག་ལ་བརྟེན་ནས་ལམ་སྟོན་བྱེད་པ།)
- ཕྱོགས་བསྡོམས།
གང་དུ་ཉམས་ལེན་བྱེད་དགོས་ཞེ་ན། གནས་ཞི་ལྷིང་ལྡན་པ་དང་གཙང་མ་དེ་བཞིན་བཙོག་པ་མེད་ས་གང་འདྲ་ཞིག་ཡིན་ནའང་འགྲིག
ག་དུས་ཉམས་ལེན་བྱེད་དགོས་ཞེ་ན། ཉིན་གཅིག་གི་བྱེད་སྒོ་ཁག་ལ་མ་ཞུགས་གོང་གི་ཞོགས་པ་སྔ་པོར་སྒོམ་རྒྱག་དགོས། དེ་འདྲ་ཞིག་མ་བྱུང་ན། ཉིན་གྱི་མཐའ་མ་གཉིད་མ་ཁུག་གོང་ལ་སྒོམ་རྒྱག་དགོས།
འདུག་སྟངས་ག་འདྲ་ཞེ་ན། རྐང་པ་སྐྱིལ་ཀྲུང་ངང་ལུས་རྒྱབ་གདན་ཧ་ཅང་མཐོ་མ་དྲགས་དམའ་མ་དྲགས། ཧ་ཅང་འཇམ་མ་དྲགས་རྩུབ་མ་དྲགས་པ་ཞིག་གི་སྟེང་དུ་འདུག་དགོས། དེ་ལྟར་མ་བྱུང་ན། རྐུབ་སྟེགས་ཀྱི་རྒྱབ་སྙེ་ས་དེ་ཁ་ཐུག་དྲང་པོར་ཡོད་པའི་སྟེང་དུ་སྡོད་དགོས། དེ་གཉིས་ཀའི་ནང་སྒལ་ཚིགས་ངེས་པར་དུ་དྲང་པོར་སྲང་དགོས་པ་དང་རང་གི་པང་དུ་ལག་གཉིས་གཅིག་ཐོག་གཅིག་རྩེག་གི་མཉམ་པར་བཞག་དགོས། ཡག་ཤོས་ནི་སོ་སོའི་མིག་དེ་ཕྱེད་ཀ་ལྡང་བ་དང་དམིགས་པ་ལྷོད་པར་གཏད་དེ་མིག་གིས་ཞ་ལའི་སྟེང་དུ་མར་བལྟས་ནས་སྒོམ་རྒྱུ་དེ་རེད།
སྒོམ་ཐེངས་མ་ག་ཚོད་རྒྱག་དགོས་ཞེ་ན། ཉིན་གཅིག་ལ་ཐེངས་མ་གཅིག་ཉུང་མཐར་རྒྱག་དགོས། གལ་ཏེ་བྱུང་ན་ཐེངས་མ་གཉིས་ཏེ། (ཞོགས་པ་ལས་ཀར་མ་འགྲོ་གོང་དང་མཚན་མོ་གཉིད་མ་ཁུག་གོང་) དེ་ལྟར་ཉུང་མཐར་ཡང་བདུན་གཅིག་གི་རིང་ཉིན་ལྟར་ལམ་སྟོན་བྱས་པའི་སྒོམ་རེ་རེ་བཞིན་ཇི་ལྟར་དྲྭ་ཚིགས་ནང་གོ་རིམ་བཞིན་ཐོ་འགོད་བྱས་པ་གཞིར་བཞག་ཐོག་ཉམས་ལེན་བྱེད་དགོས། གལ་ཏེ་དགོས་གལ་དུ་ཚོར་ན། དུས་ཚོད་ངེས་མེད་ལ་སྔོན་གྱི་སྒོམ་ཞིག་ཡང་བསྐྱར་རྒྱག་ནའང་འགྲིག །
དེ་ལས་མང་བ།
[སྒོམ་བརྒྱབ་སྟངས། ཞེས་པར་གཟིགས།]