ཕན་ཚུན་གཉིས་མོས་ཀྱི་གོ་རྟོགས་ནི་ཆོས་ལུགས་མཐུན་སྒྲིལ་གྱི་རྨང་གཞི་ཡིན།
༧གོང་ས་མཆོག་གིས་ཆོས་ལུགས་ཚང་མར་རྗེས་སུ་ཡི་རངས་གནང་གི་ཡོད། གང་ཡིན་ཞེ་ན། ཆོས་ལུགས་ཚང་མས་འགྲོ་བ་མིའི་རིགས་ལ་ཕན་ཐོག་རླབས་ཆེན་སྒྲུབ་ཀྱི་ཡོད་པ་དང་། ཆོས་ལུགས་སོ་སོའི་སྐོར་ཕན་ཚུན་རྒྱུས་ལོན་བྱེད་པ་བརྒྱུད་དེ་དག་ཚང་མ་ལ་དམིགས་ཡུལ་གཅིག་མཚུངས་ཡོད་པ་ཤེས་རྟོགས་ཡོང་གི་ཡོད།