བོད་བརྒྱུད་ནང་བསྟན་དང་བོན་གྱི་སྲོལ་རྒྱུན་དབར་ཞིབ་སྡུར།
བོད་ཀྱི་སྲོལ་རྒྱུན་ཆོས་ལུགས་དང་འབྲེལ་བའི་ཐོག་བོན་གྱི་ཐད་ལ་ཕྱོགས་ལྷུང་བྲལ་བའི་ལྟ་ཚུལ་ཞིག་རྒྱུན་འཛིན་བྱ་རྒྱུ་དེ་ཧ་ཅང་གལ་ཆེ། དེ་ཡང་༧གོང་ས་མཆོག་གིས་དུས་རྟག་ཏུ་ནན་པོར་གསུང་པ་བཞིན་སྲོལ་རྒྱུན་གྱི་ཆོས་ལུགས་མི་འདྲ་བ་དེ་དག་ཐམས་ཅད་ཀྱིས་མཐར་ཐུག་དམིགས་ཡུལ་གཅིག་པ་འཛིན་གྱི་ཡོད་པ་སྟེ།...